མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་སྐབས་22པའི་
ཚང་འཛོམས་ཚོགས་འདུར་ཤིས་ཚིག་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་15ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

             མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་13ཉིན་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱི་སྐབས་22པའི་ཚང་འཛོམས་ཚོགས་འདུ་སི་ཁྲོན་ཁྲེང་ཏུར་འགོ་ཚུགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་ཤིས་ཚིག་གནང་བ་རེད།
         ཞི་ཅིན་ཕིང་གིས་ཡུལ་སྐོར་ནི་རྒྱལ་ཁབ་མི་འདྲ་བ་དང་རིག་གནས་མི་འདྲ་བ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཐབས་ལམ་གལ་ཆེན་ཞིག་དང་དཔལ་འབྱོར་འཕེལ་རྒྱས་དང་ལས་ཞུགས་མང་དུ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན་ལ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བའི་ཐོན་ལས་གལ་ཆེན་ཞིག་ཀྱང་རེད་ཅེས་གསུངས་པ་རེད།
           ཞི་ཅིན་ཕིང་གིས་ཀྲུང་གོས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཡུལ་སྐོར་ལས་རིགས་ཀྱིས་ཀྲུང་གོའི་དཔལ་འབྱོར་དང་ལས་ཞུགས་ལ་ཕྱོགས་བསྡུས་ལེགས་སྐྱེས་འབུལ་ཚད་10%ལས་བརྒལ་ཡོད། འབྱུང་འགྱུར་ལོ་5ཡི་ནང་ཀྲུང་གོའི་མི་ཐེངས་དུང་ཕྱུར་7ཕྱི་རྒྱལ་དུ་ཡུལ་སྐོར་ལ་བསྐྱོད་རྒྱུ་རེད། ཀྲུང་གོར་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ངོ་མཚར་ལྡན་པའི་རིག་གནས། མཛེས་སྡུག་ལྡན་པའི་རི་ཀླུང་སོགས་ཡོད་པས་ང་ཚོས་རྒྱལ་ཁབ་ཁག་གི་ཡུལ་སྐོར་བ་ཀྲུང་གོར་ལྟ་སྐོར་དང་སྤྲོ་གསེང་དུ་ཡོང་རྒྱུར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་རྒྱལ་སྤྱིའི་ཡུལ་སྐོར་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། རྒྱལ་ཁབ་ཁག་གིས་ད་རེས་ཀྱི་ཚོགས་འདུ་གོ་སྐབས་སུ་བྱས་ཏེ་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་ཡུལ་སྐོར་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་མ་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།