མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱིས་མིང་ངོ་མ་འགོད་པའི་ཁྲལ་གཉེར་ཁྱབ་གདལ་གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་22ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་《ཁྲལ་དོན་མ་ལག་གི“ལྷུག་གཏོང་དང་། དོ་དམ། ཞབས་ཞུ”བཅས་ཀྱི་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ནས་ཁྲལ་བསྡུའི་ཁོར་ཡུག་བཟང་སྒྲིག་བྱ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་》པར་འགྲེམས་བྱས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་སྔར་བས་ཟབ་ཏུ་གཏོང་བ་དང་། ལྟ་སྐུལ་དོ་དམ་བྱེད་ཐབས་གསར་གཏོད་ཏན་ཏིག ཁྲལ་འཇལ་ཞབས་ཞུ་རྒྱུན་ཆད་མེད་པར་བཟང་སྒྲིག ཁྲལ་བསྡུའི་ཁྲིམས་འཛིན་མུ་མཐུད་ལེགས་བཅོས། ཆ་འཕྲིན་མ་ལག་སྤྱི་འདོམས་རིམ་སྤོར་བཅས་ཕྱོགས་ལྔའི་ཐོག་ནས་སྒྱུར་བཅོས་བྱེད་ཐབས་30བཏོན་ཏེ་ཁྲལ་བསྡུའི་བཅོས་སྐྱོང་ནུས་པ་ཆེ་རུ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཡོད་པ་རེད།
         ཁྲལ་དོན་སྤྱི་ཁྱབ་ཅུས་ཁྲལ་བསྡུ་དོ་དམ་དང་ཚན་རྩལ་འཕེལ་རྒྱས་སིའི་འབྲེལ་ཡོད་འགན་འཁུར་བས་《བསམ་འཆར་》ནང་ཁྲལ་དོན་སྲིད་འཛིན་ཞིབ་མཆན་ཉུང་དུ་དང་བཟང་སྒྲིག་བྱ་རྒྱུ་དང་། ཁྲལ་འཇལ་བས་ཁྲལ་ཐོ་འཛུགས་པ་དང་། སྤོ་སྒྱུར། ཐོ་སུབ་བཅས་ཀྱི་འགྲོ་ལུགས་སྟབས་བདེ་རུ་གཏོང་རྒྱུ། ཁྲལ་འཇལ་བའི་གཟིགས་སྐྱོང་ཐོ་འགོད་སྙན་སེང་དང་གན་རྒྱའི་ཐོ་འགོད་སྙན་སེང་ལེགས་སུ་གཏོང་རྒྱུ། ཁྲལ་འབྲེལ་དཔྱད་ཡིག་འབུལ་རྒྱུ་ཁུ་བསྡུ་རུ་གཏོང་རྒྱུ་སོགས་ཀྱི་སྒྱུར་བཅོས་ལས་འགན་བཏོན་པར་བརྟེན་ཁྲལ་འཇལ་མཁན་གྱིས་དཔྱད་གཞི་འབུལ་རྒྱུ་དང་ཁྲལ་གཉེར་གྱི་བརྒྱུད་རིམ་སྔར་བས་སྟབས་བདེ་རུ་འགྲོ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་བྱུང་།
         ཁྲལ་བསྡུའི་དོ་དམ་ཐད་《བསམ་འཆར་》ནང་མིང་ངོ་མ་འགོད་པའི་ཁྲལ་གཉེར་བྱེད་ཐབས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་ཁྲལ་ཐོ་ཐོག་མར་གཉེར་མཁན་ལ་ཐེངས་གཅིག་རང་བཞིན་གྱི་ཐོག་ནས་ཁེ་ལས་ཀྱི་འབྲེལ་ཡོད་མི་སྣའི་ཐོབ་ཐང་ངོ་མ་བསྡུ་ལེན་སོགས་ཀྱི་ཆ་འཕྲིན་ལ་བརྟེན་ནས་ཡིད་རྟོན་དོ་དམ་ནང་འཇོག་རྒྱུ་དང་འབྲེལ་ཁེ་ལས་ཀྱི་ཡིད་རྟོན་དང་སྦྲེལ་མཐུད་བྱས་ཏེ་ཁྲལ་འཇལ་མཁན་གྱིས་ཡང་བསྐྱར་ཆ་འཕྲིན་འབྲི་བའི་ཁུར་པོ་ཆུང་དུ་གཏོང་དགོས་པ་མ་ཟད། ཁྲིམས་འགལ་བས་བཙོངས་འཛིན་རྫུས་ལེན་རྫུས་འབྲི་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་དོགས་ཟོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
          ཁྲལ་འཇལ་ཞབས་ཞུའི་ཐད་གསར་གཉེར་ཁེ་ལས་སུ་མི་སྣ་ཉུང་བ་དང་ལས་ཀ་མང་བ་དང་ཁྲལ་འབྲེལ་ལས་སྒོ་ཆ་རྒྱུས་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་《བསམ་འཆར་》ནང་གསར་གཉེར་ཁེ་ལས་ལ“གཅིག་འཐུས་རྣམ་པའི”ཞབས་ཞུ་ལག་བསྟར་བྱས་ཏེ་ཐེངས་གཅིག་གི་ཐོག་ནས་ཁྲལ་འབྲེལ་གྱི་བྱ་བ་དུས་གཅིག་ཏུ་གཉེར་ཏེ་གསར་གཉེར་ཁེ་ལས་ཀྱི་ཁྲལ་འཇལ་གྱི་གནོན་ཤུགས་ཕྱོགས་ཡོངས་ནས་ཆུང་དུ་གཏོང་རྒྱུ་ཡིན་ལུགས་བཏོན་ཡོད།
          ཁྲིམས་འཛིན་ཚད་ལྡན་དུ་གཏོང་རྒྱུའི་ཐད་《བསམ་འཆར་》ནང་ཁྲལ་རིགས་ཁག་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་དུས་བཀག་དང་གྲངས་ཚད་ཀྱི་ཐོག་ནས་ཁྲལ་བསྡུའི་ཞིབ་བཤེར་གཏན་འབེབས་ཀྱི་ཚད་གཞི་དང་། གོ་རིམ། རྩིས་རྒྱག་བཅས་ཀྱི་བྱེད་ཐབས་སྔར་བས་ཚད་ལྡན་དུ་གཏོང་དགོས་པ་དང་། རྒྱལ་ཁྲལ་ཅུས་དང་ས་གནས་ཁྲལ་དོན་ཅུས་ཀྱིས་མཉམ་དུ་ཁྲལ་བསྡུར་ཞིབ་བཤེར་གཏན་འབེབས་དང་། གཅིག་གྱུར་ཐོག་གཞི་གྲངས་ཞིབ་བཤེར་གཏན་འབེབས། ཞིབ་བཤེར་གཏན་འབེབས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་ཞིབ་བཤེར་གཏན་འབེབས་ཀྱི་ཁྲལ་བསྡུ་ཁ་གསལ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།