མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཚན་རིག་མཁས་ཅན་གྱིས“ཚན་རིག་ཡོ་བྱད”མཐོང་སྐབས།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་19ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         —— ཀྲུང་གོ་ཚན་རིག་ཁང་གི་ཡོའན་ཧྲི་རྣམས་ཀྱིས་མཉམ་དུ“འབད་འབུངས་ཡར་བརྩོན་གྱི་ལོ་ལྔའི”གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ།
          “ཚན་རྩལ་གྲུབ་འབྲས་རབ་དང་རིམ་པ་ཐོབ་པས་ང་ཚོའི་གསར་གཏོད་ཀྱི་གདེང་ཚོད་སྔར་བས་བརྟན་དུ་སོང”ཞེས“མོ་ཙི་རྟགས་ཅན”གྱི་དཔེ་དབྱིབས་འགྲེམས་དངོས་ཀྱི་འཁྲིས་སུ་ལངས་ཏེ་རྒྱལ་སྤྱིའི་ན་སྨི་ཚན་རྩལ་ཞིབ་འཇུག་གི་རིགས་གཅིག་མཁས་ཅན་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཀྲང་པའེ་ཁྲུན་ལིས་བརྗོད་ཅིང་། ཁོང་གིས་འབད་འབུངས་ཡར་བརྩོན་བྱས་ཏེ་རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་སླད་ཕྱིན“རྗེས་སྙེག”དང“མཉམ་སྐྱོད”ནས“སྣེ་ཁྲིད”དུ་འགྱུར་རིང“སྣེ་ཁྲིད”ཀྱི་གྲུབ་འབྲས་སྔར་བས་མང་བ་འཐོབ་ངེས་རེད་ཅེས་བཤད།
        ཀྲུང་གོ་ཚན་རིག་ཁང་རིག་པ་པུའི་ཀྲུའུ་ཞི་ཚོགས་པས་ཚེས་17ཉིན་ཡོའན་ཧྲི་ཁག་གཅིག་སྒྲིག་འཛུགས་བྱས་ཏེ་པེ་ཅིང་འགྲེམས་སྟོན་ཁང་དུ་“འབད་འབུངས་ཡར་བརྩོན་གྱི་ལོ་ལྔའི”གྲུབ་འབྲས་འགྲེམས་སྟོན་ཆེ་གྲས་ལ་མཉམ་དུ་བལྟས་པ་རེད། “མོ་ཙི་རྟགས་ཅན”གྱི་ཚད་རྡུལ་ཚན་རིག་ཚོད་ལྟའི་སྲུང་སྐར་དང“འཚོལ་ཞིབ་ཨང་དང་པོ་རྟགས་ཅན”གྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས་སོགས“ཚན་རིག་ཡོ་བྱད”དཔེ་དབྱིབས་རེ་རེས་ལོ་ལྔའི་རིང་གི་རང་རྒྱལ་གྱི་ཚན་རྩལ་མགྱོགས་མྱུར་གོང་འཕེལ་སོང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་འཕེལ་རིམ་མངོན་པས་ཡོའན་ཧྲི་རྣམས་ཀྱིས་འགྲོ་མཚམས་བཞག་ནས་ཞིབ་པར་བལྟས།
       རྒྱལ་སྤྱིའི་གནའ་བོའི་སྐྱེ་དངོས་རིག་པ་མཁས་ཅན་ཀྲུང་གོ་ཚན་རིག་ཁང་གི་ཡོའན་ཧྲི་ཀྲོའུ་ཀྲུང་ཧོས“ཀྲུང་གོའི་ལྷའི་མིག”དཔེ་དབྱིབས་དང་ཚད་རྡུལ་འཕྲིན་གཏོང་བྱེ་གཞོང་སོགས་འགྲེམས་དངོས་ལ་ཞིབ་ཏུ་བལྟས་རྗེས“དྲིས་ལན་ཡག་པོ་བརྒྱབ་འདུག”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད་ཅིང་། ཁོང་གིས་ལོ་ལྔའི་རིང་ཚན་རྩལ་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་ནི་རྒྱལ་ཁབ་ཀྱིས་ཚན་རྩལ་གསར་གཏོད་ལ་མཐོང་ཆེན་པོ་བྱས་པ་དང་ཚན་རྩལ་ལས་དོན་པས་ཀྱང་ཡིད་ཆེས་དེ་ཆུད་ཟོས་སུ་མ་བཏང་བ་ལས་བྱུང་བ་ཞིག་རེད་ཅེས་བཤད།
        “འབད་འབུངས་ཡར་བརྩོན་གྱི་ལོ་ལྔའི”གྲུབ་འབྲས་འགྲེམས་སྟོན་ཆེན་པོར་པར་རིས་དང་། བརྙན་ལམ། དངོས་པོ། དཔེ་དབྱིབས་སོགས་སྣ་ཚོགས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཁྱོན་ཡོངས་ནས་དྲིལ་བསྒྲགས་བྱས་པ་རེད། ཀྲུང་གོ་ཚན་རིག་ཁང་ཚན་རིག་ཁྱབ་སྤེལ་ཅུས་ཀྱི་ཅུས་ཀྲང་གསར་འགྱུར་མགྲིན་ཚབ་པ་ཀྲོའུ་ཏེ་ཅིན་གྱིས“ཀྲུང་གོའི་ལྷའི་མིག”ཅེས་གྲགས་པའི་འཛམ་གླིང་གི་ཁ་ཚད་རྐྱང་པའི་འཕྲོ་གློག་རྒྱང་ཤེལ་དང་། ཐོར་གས་བར་རྡུལ་ཁུངས། “མཚོ་འཐབ”རང་བརྟེན/རྒྱང་འཛིན་མཉམ་བསྲེས་ཆུ་འོག་འཕྲུལ་མི་སོགས་ཀྲུང་གོ་ཚན་རིག་ཁང་གི་གྲུབ་འབྲས་མང་པོ་དེའི་གྲས་སུ་ཡོད་པ་དང་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ཀྱི་དངོས་ཤུགས་མངོན་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།