མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཝེ་ཐེ་ནམ་དང་། ལོ་སི། ཁུ་པ། ཁོ་རེ་ཡ་བྱང་མ་བཅས་ཀྱི་སྲིད་འཛིན་ཏང་སོ་སོས་གློག་
འཕྲིན་བཏང་ཡོང་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་པར་
རྟེན་འབྲེལ་ཞུས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་19ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ལོ་སི་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། ཁོ་རེ་ཡ་བྱང་མའི་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བཅས་སོ་སོས་ཉེ་ཆར་འཕྲིན་ཡིག་དང་གློག་འཕྲིན་བཏང་ནས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཐེངས་བཅུ་དགུ་པ་འཚོགས་པར་རྟེན་འབྲེལ་ཞུས་པ་རེད།
         ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་དུ"ཉེ་བའི་ལོ་འགའི་རིང་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་པས། ང་ཚོར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད"ཅེས་བརྗོད་པ་རེད།
         ལོ་སི་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་དུ"ཀྲུང་གུང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྣེ་ཁྲིད་འོག་ཀྲུང་གོ་གུང་ཁྲན་ཏང་དང་། སྲིད་གཞུང་། སྤུན་ཟླ་ཀྲུང་གོ་མི་དམངས་བཅས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་ཏུ་གྲུབ་འབྲས་གསར་པ་སྔར་ལས་ཆེན་པོ་ཐོབ་ཐུབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་བརྗིད་ཉམས་ཆེ་བའི་དམིགས་ཡུལ་དང་ལོ་རྒྱུས་ཀྱི་ལས་འགན་རྒྱལ་ཁའི་ངང་ལེགས་འགྲུབ་བྱེད་ཐུབ་པར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད"ཅེས་བརྗོད་པ་རེད།
        ཁུ་པ་གུང་ཁྲན་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་དུ"ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་པས་འཛམ་གླིང་ཐོག་ཀྲུང་གོ་ནི་འབུར་དུ་ཐོན་པའི་གོ་གནས་སུ་གནས་པར་གྱུར་པ་ང་ཚོས་དགའ་སྤྲོ་ཆེན་པོའི་སྒོ་ནས་མཐོང་ཡོད"ཅེས་བརྗོད་པ་རེད།
         ཁོ་རེ་ཡ་བྱང་མའི་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་དུ"ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུ་བ་དང་། ཁྱེད་ཚོའི་ཏང་གི་ཏང་ཡོན་ཡོངས་དང་ཀྲུང་གོ་མི་དམངས་ཡོངས་ལ་མཛའ་བརྩེ་ལྡན་པའི་འཚམས་འདྲི་ཞུ་རྒྱུ་ཡིན"ཞེས་བརྗོད་པ་རེད།