མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཐའེ་ཝན་ས་ཁུལ་གྱི་འབྲེལ་ཡོད་སྲིད་ཏང་དང་མི་སྣ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་
བཅུ་དགུ་པ་འཚོགས་པར་རྟེན་འབྲེལ་ཞུ་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་19ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་པའི་སྐབས་འདིར། ཐའེ་ཝན་ས་ཁུལ་གྱི་འབྲེལ་ཡོད་སྲིད་ཏང་དང་མི་སྣ་ཡིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་རྟེན་འབྲེལ་ཞུས་པ་རེད།
       ཀྲུང་གོ་གོ་མིན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་གི་ནང་དུ་མཚོ་འགག་ངོགས་གཉིས་བར་སྤེལ་རེས་ལོ་ངོ་30བྱས་པའི་རིང་ལ་གྲུབ་འབྲས་གཡུར་ཟ་བ་ཐོབ་ཡོད། ཏང་གཉིས་ཀྱིས་ཐོབ་ཟིན་པའི་གྲུབ་འབྲས་དང"དགུ་གཉིས་ཐུན་མོང་ལྟ་བ"ཡི་རྨང་གཞིའི་ཐོག མུ་མཐུད་དེ་ཕན་ཚུན་ཡིད་ཆེས་ཟབ་སྤེལ་དང་ཟོལ་མེད་མཉམ་ལས་བྱས་ནས་ཐུན་མོང་དུ་མཚོ་འགག་ངོགས་གཉིས་ཀྱི་བརྟན་ལྷིང་དང་ངོགས་གཉིས་བར་གྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་སུ་འགྲོ་བར་སྲུང་སྐྱོང་བྱེད་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།
      ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཟུར་པ་ལེན་ཀྲན་དང་། ཝུའུ་པོ་ཞུང་། ཧུང་ཞིའུ་ཀྲུའུ་བཅས་དང་། དམངས་ཉེའི་ཏང་གི་ཀྲུའུ་ཞི་སུང་ཁྲུའུ་ཡུས། ཏང་གསར་གྱི་ཀྲུའུ་ཞི་ཡུས་མུའུ་མིང་སོགས་ཀྱིས་མཚོ་འགག་ངོགས་གཉིས་ཀྱི་མེས་པོ་ཡན་ཧོང་གཉིས་ཀྱི་རྒྱུད་པ་ཚོས་ལག་གདང་མཉམ་སྦྲེལ་གྱིས་མཉམ་ལས་བྱས་ཏེ་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བར་མུ་མཐུད་སྐུལ་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱས་ཐོག་མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ཀྱིས་ཀྲུང་ཧྭ་མི་རིགས་དར་རྒྱས་གོང་འཕེལ་ཡོང་བའི་གྲུབ་འབྲས་ལོངས་སུ་མཉམ་སྤྱོད་བྱེད་རེ་བྱེད་བཞིན་ཡོད་པ་རེད།