མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོའི་བྱ་གཞག་དམིགས་སུ་བཀར་ནས་འཕེལ་རྒྱས་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་21ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།སློབ་གསོའི་བྱ་གཞག་དམིགས་སུ་བཀར་ནས་འཕེལ་རྒྱས་གཏོང་དགོས།

         【སྙན་ཞུའི་མ་ཡིག】གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཏུ་འགྱུར་བར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་འོས་འགན་སློབ་གསོར་ཧ་ཅང་མཐོང་ཆེན་དང་། སློབ་ན་མ་སོན་གོང་གི་སློབ་གསོ་དང་དམིགས་བསལ་སློབ་གསོ། དྲ་ཐོག་སློབ་གསོ་བཅས་ལེགས་གཉེར། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་བཅས་བྱས་ཏེ་ཕྲུ་གུ་ཚང་མར་དྲང་སྙོམས་ཡིན་ལ་སྤུས་ཚད་ཀྱང་མཐོ་བའི་སློབ་གསོ་ལོངས་སུ་སྤྱོད་དུ་འཇུག་པར་འབད་བརྩོན་ཆེན་པོ་བྱ་དགོས་པ་དང་། ལས་རིགས་སློབ་གསོ་དང་གསོ་སྦྱོང་མ་ལག་འཐུས་སྒོ་ཚང་བ་དང་། ཐོན་ལས་དང་སློབ་གསོ་མཉམ་འདྲེས་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་ཟབ་སྤེལ་བྱ་དགོས་ཤིང་། སློབ་གྲྭ་ཆེན་པོ་ལེགས་ཤོས་དང་སློབ་ཚན་ལེགས་ཤོས་འཛུགས་སྐྲུན་གང་མགྱོགས་བྱས་ནས་མཐོ་རིམ་སློབ་གསོ་ནང་སྙིང་ཅན་དུ་འཕེལ་རྒྱས་མངོན་འགྱུར་བྱ་དགོས། ཏང་གི་ལས་དོན་ཚང་མས་ངེས་པར་དུ་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་ཁེ་ཕན་ཚད་གཞི་མཐོ་ཤོས་སུ་འཛིན་དགོས་ཤིང་། མི་དམངས་མང་ཚོགས་ཀྱི་དོན་ཆུང་རྣམས་རང་ཉིད་ཀྱི་དོན་ཆེན་དུ་འཛིན་པ་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དོན་ནས་ལས་དོན་སྒྲུབ་འགོ་ཚུགས་པ་དང་། མི་དམངས་མངས་ཚོགས་ཀྱི་བློ་ཡིད་ཚིམ་པའི་དོན་ནས་ལས་དོན་སྒྲུབ་འགོ་ཚུགས་ནས་མི་དམངས་ཀྱི་སྣེ་ཁྲིད་དེ་བདེ་ཞིང་སྐྱིད་པའི་འཚོ་བ་རྒྱུན་ཆད་མེད་པར་གསར་སྐྲུན་བྱ་དགོས།

【1】  【2】  【3】  【4】

༄༅།།སློབ་གསོའི་བྱ་གཞག་དམིགས་སུ་བཀར་ནས་འཕེལ་རྒྱས་གཏོང་དགོས།