མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གི་ཕྱི་རྒྱལ་སྨྱན་སྦྱོར་གྱི་བཞིན་རས།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་23ཉིན། 15:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

ཚེས་16ཉིན་གསར་འགྱུར་ལྟེ་གནས་སུ་དྲན་རྟེན་འདྲ་པར་རྒྱག་པ།

ཚེས་16ཉིན་གསར་འགྱུར་ལྟེ་གནས་སུ་དྲན་རྟེན་འདྲ་པར་རྒྱག་པ།

           མི་དམངས་དྲ་བའི་འཕྲིན། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པ་ཟླ་10ཚེས་18ཉིན་པེ་ཅིང་གི་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོག་འགོ་ཚུགས་ཤིང་། འཛམ་གླིང་ཡོངས་ཀྱི་སྨྱན་སྦྱོར་ཚང་མ"ཚོགས་ཆེན་བཅུ་དགུ་པའི་དུས་སྐབས"སུ་བསྡུས་པ་རེད། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པས་འཛམ་གླིང་ཡོངས་ཀྱི་གླིང་ཆེན་ལྔའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་3000ལྷག་གནས་འཕྲིན་སྤེལ་བར་ཞུགས་པར་བཀུག་ཡོད་ལ། ཨ་རིའི་སྐུད་ལྡན་བརྙན་འཕྲིན་གསར་འགྱུར་དྲ་བ་དང་། ཧྥ་རན་སེའི་གསར་འགྱུར་ཁང་། ལུའུ་ཐོའུ་གསར་འགྱུར་ཁང་། ཐཱ་སི་གསར་འགྱུར་ཁང་། ཧྥ་རན་སེའི་《འཛམ་གླིང་ཚགས་པར་》སོགས་འཛམ་གླིང་ཐོག་གི་སྨྱན་སྦྱོར་གཙོ་བོ་དག་གཟབ་རྒྱས་ཆེ་བའི་ཚོགས་འདུ་འདིར་གཅིག་བསྡུས་བྱས་པ་རེད།
          ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པ་འགོ་ཚུགས་པའི་ཚོགས་འདུའི་ཚོགས་ཡུལ་དངོས་སུ་ཕྱི་རྒྱལ་སྨྱན་སྦྱོར་གྱི་གསར་འགོད་པ་མང་པོ་ཡོད་ཅིང་། ཁོང་ཚོ་ལ་ལས་སྙན་སྒྲོན་ནན་ཏན་ངང་ཉན་གྱི་ཡོད་པ་དང་། ལ་ལས་ཟིན་བྲིས་མགྱོགས་མྱུར་འགོད་ཀྱི་ཡོད་པ། ལ་ལས་སྒྲིག་ཆས་སྣ་ཚོགས་ལ་བརྟེན་ནས་ཡུལ་དངོས་ཀྱི་བརྙན་རིས་སོགས་དུས་དང་པོར་སོ་སོའི་རྒྱལ་ཁབ་བམ་ས་ཁུལ་ལ་བརྒྱུད་གཏོང་བྱེད་ཀྱི་ཡོད་པ་རེད།
         ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཅར་འདྲིའི་གྲོས་རིམ་ནང་དུ "ཏང་གི་འཐུས་མིའི་བགྲོད་ལམ"བཀོད་སྒྲིག་བྱས་པ་དེས་འཛམ་གླིང་གིས་ཀྲུང་གོར་རྟོག་ཞིབ་བྱེད་པའི་སྒེའུ་ཁུང་ཞིག་བསྐྲུན་པ་དང་གདོན་མི་ཟ་ལ། ཕྱི་རྒྱལ་སྨྱན་སྦྱོར་གྱི་གསར་འགོད་པ་ཚོས་དགའ་སྣང་ཆེས་ཆེ་སྐྱེ་བའི་བཅར་འདྲི་བྱེད་སྟངས་གསར་པ་ཞིག་ཀྱང་རེད།
        དོན་དངོས་སུ་ཕྱི་རྒྱལ་སྨྱན་སྦྱོར་གྱི་གསར་འགོད་པ་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་འགོ་མ་ཚུགས་སྔོན་ལ། ཀྲུང་གོའི་ས་ཆ་ཁག་ཏུ་ཕྱིན་ནས་ཀྲུང་གོའི་འགྱུར་ལྡོག་ལ་མྱོང་ཚོར་དང"ཀྲུང་གོའི་མྱུར་ཚད"ཉམས་ཞིབ་བྱས་པ་རེད།
          ཟླ་10ཚེས་12ཉིན་ནས་བཟང་ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་པེ་ཅིང་གི་ལྟེ་བའི་ལམ་ཐིག་དང་། གཞི་རིམ་ཏང་འཛུགས་སྐྱོང་། གནའ་བོའི་ཕོ་བྲང་སོགས་ཚུད་པའི་ལམ་ཐིག་15ཡི་བཅར་འདྲིའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པར་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་རྒྱུས་ལོན་སྔར་ལས་ལེགས་པར་བྱེད་རོགས་བྱས་ཡོད་པ་རེད།
           བཅར་འདྲིའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པ་འགོ་ཚུགས་པའི་མཛད་སྒོར་ཡུལ་དངོས་སུ་ལྟ་ཞིབ་བྱས་པ། "ཏང་གི་འཐུས་མིའི་བགྲོད་ལམ"དུ་བཅར་འདྲི་བྱ་ཡུལ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་པ་སོགས་ཚང་མས་ཕྱི་རྒྱལ་སྨྱན་སྦྱོར་གྱི་གསར་འགོད་པ་རྣམས་ལ་འཕེལ་རྒྱས་དང་། སྒོ་འབྱེད་པ། ཞི་མཐུན་བཅས་ཀྱི་ཀྲུང་གོ་ཞིག་མྱོང་ཚོར་བྱུང་དུ་བཅུག་ཡོད་ལ། འཛམ་གླིང་ཡོངས་ཀྱིས་ཀྲུང་གོར་ཡིད་ཆེས་ཀྱིས་ཁེངས་པའང་བྱེད་དུ་བཅུག་པ་རེད།

【1】  【2】  【3】

ཚེས་19ཉིན་གྱི'ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་སྐུལ་འདེད'ཀྱི་མཉམ་སྡེབ་བཅར་འདྲི་ཐོག་ཁམ་ཕུ་ཁྲེ་རྒྱལ་ཁབ་གློག་འཕྲིན་ཁང་གི་གསར་འགོད་པས་དྲི་བ་འདོན་པ།
ཚེས་19ཉིན་གྱི"ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་སྐུལ་འདེད"ཀྱི་མཉམ་སྡེབ་བཅར་འདྲི་ཐོག་ཁམ་ཕུ་ཁྲེ་རྒྱལ་ཁབ་གློག་འཕྲིན་ཁང་གི་གསར་འགོད་པས་དྲི་བ་འདོན་པ།
ཕྱི་རྒྱལ་གྱི་གསར་འགོད་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱི་དུས་དེབ་དང་ཚགས་པར་ལ་ལྟ་བ།
ཕྱི་རྒྱལ་གྱི་གསར་འགོད་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱི་དུས་དེབ་དང་ཚགས་པར་ལ་ལྟ་བ།