མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཚོགས་ཆེན་བཅུ་དགུ་པའི་འཐུས་མིས་འདྲ་མཉམ་དང་སྤུས་ཚད་ལྡན་པའི་སློབ་གསོའི་ཐད་གྲོས་
བསྡུར་འཁྲུག་པོ་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་24ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། “ཕྲུ་གུ་ཚང་མས་འདྲ་མཉམ་དང་སྤུས་ཚད་ལྡན་པའི་སློབ་གསོ་ལོངས་སྤྱོད་ཧུར་ཐག་ཐུབ་པ་བྱེད་དགོས”ཞེས་པའི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཏོན་གནང་བའི་སྐད་ཆ་དུམ་བུ་དེར་འཐུས་མི་ཚོས་གྲོས་བསྡུར་འཁྲུག་པོ་གནང་བ་རེད། བཅར་འདྲི་དང་ལེན་གནང་མཁན་འཐུས་མི་ཚོས“འདྲ་མཉམ”དང“སྤུས་ཚད”ཅེས་པའི་མིང་ཚིག་གཉིས་ལས་སློབ་གསོའི་ཧེ་བག་ཆུང་དུ་གཏོང་རྒྱུ་མངོན་པ་དང་། “སློབ་གྲྭར་འགྲོ་རྒྱུ་ཡོད་པ”ནས“སློབ་གྲྭ་ཡག་པོ་འགྲིམ་པའི”བར་གྱིས་དུས་རབས་གསར་པའི་རང་རྒྱལ་སློབ་གསོའི་ལས་འགན་གསར་པ་རགས་བསྡུས་བྱེད་ཐུབ་པའི་ངོས་འཛིན་གནང་བ་རེད།
          “ངས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་ཚོགས་འདུ་ཉན་པ་ཡིན”གྲོང་གསེབ་ཏུ་སློབ་གསོའི་ལས་ལ་ལོ་མང་གཞོལ་མྱོང་བའི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཡུན་ནན་ཞིང་ཆེན་ཡུས་ཤིས་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་སྤྱི་དབྱང་ཆུང་དབྱིང་གིས་ལོ་ལྔའི་རིང་གྲོང་གསེབ་སློབ་གསོར་ཉིན་རེ་ལས་མ་འདས་པར་འཕོ་འགྱུར་བྱུང་ཡོད། ཡུན་ནན་གྱི་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་ཁག་གཅིག་གི་སློབ་གྲྭ་ལོ་བཅུའི་གོང་སློབ་ཁང་དང་ཉལ་ཁང་ཚང་མ་ས་ཕག་གི་ཁང་པ་རེད། ད་ཆ་སློབ་གྲྭ་གྲོང་ཚོའི་ནང་གི་སྐྲུན་དངོས་མཛེས་ཤོས་སུ་གྱུར་པ་དང་། སློབ་ཕྲུག་ཚོས་རིན་མེད་ངང་འཚོ་བཅུད་ལྡན་པའི་ཟས་བཟའ་རྒྱུ་བྱུང་བ། དགེ་རྒན་ཚོའི་གླ་ཕོགས་ཀྱང་མཐོ་རུ་ཕྱིན་པ། སློབ་གསོའི་ཁོར་ཡུག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བ་བཅས་རེད་ཅེས་གསུངས།
          “སློབ་གྲྭར་འགྲོ་རྒྱུ་ཡོད་པ”ནས“སློབ་གྲྭ་ཡག་པོ་འགྲིམ་པའི”བར་ནི་དབྱེ་མཚམས་ཤིག་ཏུ་གྱུར་པ་དང་། དེ་སློབ་གསོ་འཕེལ་རྒྱས་དུས་རབས་གསར་པར་སླེབས་མིན་ལ་བརྡར་ཤ་གཅོད་པའི་མཚོན་རྟགས་གལ་ཆེན་དུ་གྱུར་ཡོད།
          ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ནང་སོག་རང་སྐྱོང་ལྗོངས་པ་ཡན་ནོའར་གྲོང་ཁྱེར་ལིན་ཧོ་ཆུས་ཀྱི་སློབ་འབྲིང་ལྔ་པའི་དགེ་རྒན་ལི་ཧྥུང་ཨེ་ཡིས། དབྱེ་མཚམས་དེ་དབུས་ནུབ་ས་ཁུལ་གྱི་ངོས་ནས་བརྗོད་ན་ལྷག་པར་མངོན་གསལ་དོད་ཅིང་། སློབ་གཉེར་ཆ་རྐྱེན་ཉིན་རེ་བཞིན་ལེགས་སུ་ཕྱིན་ནས་སློབ་གཉེར་གྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་རུང་། ཤར་རྒྱུད་ས་ཁུལ་དང་བསྡུར་ན། དབུས་ནུབ་རྒྱུད་ཀྱི་ས་ཁུལ་ལ་སྔར་བཞིན་ཧེ་བག་ཅུང་ཆེན་པོ་ལྡན་པ་སྟེ་དཔེར་ན། མཐོ་རིམ་སློབ་གསོའི་ཁྱབ་ཁོངས་སུ་ས་ཁུལ་མང་པོ་ཞིག་ལ་མངའ་འོག་གི་སློབ་གྲྭ་མེད་ཅེས་གསུངས།
          འཐུས་མི་ཚོས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་བལྟས་ཚེ། སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ལ་སྤྱིར་ན་སྔར་བཞིན་ཞན་ཆ་ཡོད། སློབ་གསོའི་ཁྱབ་ཁོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་འཕེལ་རྒྱས་དོ་སྙོམས་མེད་པ་དང་། སྤྱིར་བཏང་ལས་རིགས་སློབ་གསོ་འཕེལ་རྒྱས་མཐུན་སྦྱོར་མེད་པ། ཤེས་ལྡན་མི་སྣ་གསོ་སྐྱོང་གི་གྲུབ་ཆ་ལུགས་མཐུན་མེད་པ་སོགས་ཀྱི་འགལ་བ་གནས་ཡོད། འཕེལ་རྒྱས་ཀྱི་གཙོ་གནད་དེ་སྤྱི་འབོར་འཕར་བ་ནས་གྲུབ་ཆའི་བཀོད་པ་ལེགས་གཏོང་བར་བསྒྱུར་བ་བྱེད་དགོས་པའི་ངོས་འཛིན་གནང་།