མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀུའེ་ཀྲོའུ་པི་ཅེའི་དབུལ་སྒྲོལ་འགག་སྒྲོལ་ཁྲིད་སྦྱོང་སུའོ་ཡིས་ཞིང་པར་ཚོགས་ཆེན་བཅུ་དགུ་པའི་
དགོངས་དོན་སྐོར་འགྲེལ་བཤད་བརྒྱབ་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་24ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           “ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ས་ཞིང་འགན་གཙང་གི་འབྲེལ་བ་བརྟན་པོ་དང་ཡུན་རིང་མི་འགྱུར་བ་མཐའ་འཁྱོངས་བྱེད་པ་དང་རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་གི་དུས་ཚོད་ཐིམས་རྗེས་སླར་ཡང་ལོ་30ནར་འགྱངས་བྱས་པ་འཁོད་པ་དེས་རྒྱ་ཆེའི་ཞིང་པ་རྣམས་སེམས་རྣལ་ལ་ཕབ་ཡོད། སྲིད་ཇུས་བཟང་པོ་འདི་འདྲ་ཡོད་པར་བརྟེན་ང་ཚོས་ལས་དོན་ཡག་པོ་མི་སྒྲུབ་པའི་རྒྱུ་མཚན་གང་ཡང་མེད”ཅེས་ཟླ་10ཚེས་20ཉིན་གྱི་ཕྱི་དྲོར་ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་ཆན་ཞི་རྫོང་ཏ་ཞིང་སྡེ་ཁུལ་གྱི་ལོ་ཏོག་བསྡུས་ཟིན་པའི་འབྲས་ཞིང་ནང་ཁྲིད་སྦྱོང་སུའོ་ཡིས་སླར་ཡང་སློབ་ཚན་ཁྲིད་འགོ་ཚུགས་རིང་། ཆན་ཞི་རྫོང་ཏུའུ་ཅོན་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཁྲོམ་གཞུང་དབུལ་སྒྲོལ་འགག་སྒྲོལ་ཁྲིད་སྤྱོང་སུའོ་ཡི་སུའོ་ཀྲང་ཕན་པུའོ་ཡིས་ཡུལ་མི་ཚོར་ཏང་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ལ་འགྲེལ་བཤད་རྒྱག་སྐབས་དེ་ལྟར་བཤད།
          ཁྲིད་སྦྱོང་སུའོ་བཙུགས་པ་ནི་ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་གྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐྱོར་བྱེད་པའི་བྱེད་ཐབས་ཤིག་ཡིན། 2017ལོའི་ལོ་འགོ་ནས་བཟུང་པི་ཅེ་གྲོང་ཁྱེར་གྱི་ཤང་དང་རྫོང་གི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་གྲོང་གསེབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོར་བསྐྱོད་དེ་དབུལ་སྐྱོར་འགག་སྒྲོལ་སྲིད་ཇུས་དང་གྲོང་གསེབ་འཕེལ་རྒྱས་གཏོང་སྟངས་སོགས་ལ་འགྲེལ་བཤད་བརྒྱབ་སྟེ་དམིགས་ས་ཡོད་པའི་སྒོ་ནས་དུད་ཚང་དབུལ་པོའི་ངལ་ནུས་གསོ་སྦྱོང་དང་ལས་གཏོད་དང་ལས་ཞུགས་ཀྱི་ཞབས་ཞུ་སྤེལ་ཞིང་། ད་བར་གྲོང་ཁྱེར་དེ་ཡོངས་སུ་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཁྲིད་སྦྱོང་སུའོ་2989བཙུགས་པར་གསོ་སྦྱོང་ཐེངས་ཁྲི་1ལྷག་ཙམ་དང་ལས་བྱེད་པ་དང་མང་ཚོགས་མི་ཐེངས་ཁྲི་100ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད།
          “དུས་རབས་གསར་པའི་ཞིང་པའི་ཁྲིད་སྦྱོང་སུའོ་ལ་ནང་དོན་གསར་པ་བཅུག་ཡོད་པས་དེ་ནི་གསར་གཏོད་ཅིག་ཡིན” ཟླ་10ཚེས་19ཉིན་གྱི་སྔ་དྲོར་བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀུའེ་ཀྲོའུ་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས་དབུལ་སྒྲོལ་འགག་སྒྲོལ་ཐད་ཀྱི་པི་ཅེའི་འཚོལ་ཞིབ་ལ་ཁས་ལེན་གནང་བ་དང་འབྲེལ་ཏང་གི་རྨང་གཞི་གཞི་རིམ་དུ་ཡོད་པས་ངེས་པར་དུ་གཞི་རིམ་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་ཏུ་ཏང་གིས་འགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། འདི་ག་ཚགས་པར་གྱི་གསར་འགོད་པ། ཧོང་ཞན་གྱིས།