མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།"སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཀྱི་འགག་སྒྲོལ་དམག་འཐབ་ལེགས་པར་རྒྱག"ཅེས་པའི་མཉམ་
སྡེབ་བཅར་འདྲི་བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་24ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།'སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཀྱི་འགག་སྒྲོལ་དམག་འཐབ་ལེགས་པར་རྒྱག'ཅེས་པའི་མཉམ་
སྡེབ་བཅར་འདྲི་བྱེད་སྒོ་སྤེལ་བ།

          མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་23ཉིན་གྱི་ཆུ་ཚོད་19:00ཐོག ཏང་གི་ཚོགས་ཆེན་བཅུ་དགུ་པའི་གསར་འགྱུར་ལྟེ་གནས་ཀྱིས་མཉམ་སྡེབ་བཅར་འདྲི་བྱེད་སྒོ་ཐེངས་བརྒྱད་པ་གཉེར་ཞིང་། ཧྥུ་ཅན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིང་གི་ཏང་ཙུའུ་ཧྲུའུ་ཅི། འགན་འཛིན་ཀྲུའུ་ཧྭ་དང་། ཧོ་པེ་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིང་གི་ཏང་ཙུའུ་ཧྲུའུ་ཅི། འགན་འཛིན་ཀའོ་ཅན་རྨིན། ལེའོ་ཉིང་ཞིང་ཆེན་ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང་གི་འགན་འཛིན་ཀྲང་ལི་ཧྭ། ཅང་སུའུ་ཞིང་ཆེན་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་འགན་འཛིན་གཞོན་པ་ཧུའུ་ཀན་ཅིའུ། ཧུ་ནན་ཞིང་ཆེན་ཀྲང་ཅ་ཅེ་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོབ་ཅུས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ས་ཚིགས་ཀྱི་དབྱེ་ཞིབ་ཁང་གི་འགན་འཛིན་ཧུང་པིན་བཅས་གདན་ཞུ་གནང་སྟེ་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པ་རེད།