མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བློ་མཐུན་ཝང་ཧུའུ་ཉིང་མཚམས་སྦྱོར་མདོར་བསྡུས་བྱེད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་26ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།བློ་མཐུན་ཝང་ཧུའུ་ཉིང་མཚམས་སྦྱོར་མདོར་བསྡུས་བྱེད་པ།

          ཝང་ཧུའུ་ཉིང་། ཕོ། རྒྱ་རིགས། 1955ལོའི་ཟླ་བ་བཅུ་པར་འཁྲུངས། ཧྲན་ཏུང་ལའེ་ཀྲོའུ་ནས་ཡིན་པ། 1977ལོའི་ཟླ་བ་གཉིས་པར་ལས་ཀར་ཞུགས། 1984ལོའི་ཟླ་བ་བཞི་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཕུའུ་ཏན་སློབ་ཆེན་རྒྱལ་སྤྱིའི་ཆབ་སྲིད་ཚན་ཁག་གི་རྒྱལ་སྤྱིའི་ཆབ་སྲིད་ཆེད་ལས་ནས་ཐོན། ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། ཁྲིམས་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ། དགེ་རྒན་ཆེ་མོ་བ་ཡིན།
        ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་བཞིན་ཡོད།
        1972ལོ་ནས་1977ལོ་བར་ཧྲང་ཧའེ་དགེ་འོས་སློབ་ཆེན་ལས་བྱེད་སློབ་གྲྭའི་ཕྱི་རྒྱལ་སྐད་ཡིག་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་།
        1977ལོ་ནས་1978ལོ་བར་ཧྲང་ཧའེ་གྲོང་ཁྱེར་དཔེ་སྐྲུན་ཅུས་ཀྱི་ལས་བྱེད་པ་གནང་།
        1978ལོ་ནས་1981ལོ་བར་ཕུའུ་ཏན་སློབ་ཆེན་རྒྱལ་སྤྱིའི་ཆབ་སྲིད་ཚན་ཁག་གི་རྒྱལ་སྤྱིའི་ཆབ་སྲིད་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་གནང་།
        1981ལོ་ནས་1989ལོ་བར་ཕུའུ་ཏན་སློབ་ཆེན་རྒྱལ་སྤྱིའི་ཆབ་སྲིད་ཚན་ཁག་གི་དགེ་རྒན་དང་། དགེ་རྒན་ཆེ་མོ་བ་གཞོན་པ། དགེ་རྒན་ཆེ་མོ་བ་བཅས་གནང་།
        1989ལོ་ནས་1994ལོ་བར་ཕུའུ་ཏན་སློབ་ཆེན་རྒྱལ་སྤྱིའི་ཆབ་སྲིད་ཚན་ཁག་གི་ཀྲུའུ་རེན་གནང་།
        1994ལོ་ནས་1995ལོ་བར་ཕུའུ་ཏན་སློབ་ཆེན་གྱི་ཁྲིམས་རིག་པའི་སློབ་གླིང་གི་ཡོན་ཀྲང་གནང་།
        1995ལོ་ནས་1998ལོ་བར་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་ཆབ་སྲིད་ཚོགས་ཆུང་གི་ཙུའུ་ཀྲང་གནང་།
        1998ལོ་ནས་2002ལོ་བར་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་གནང་།
        2002ལོ་ནས་2007ལོ་བར་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གནང་།
        2007ལོ་ནས་2012ལོ་བར་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གནང་།
        2012ལོ་ནས་2014ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གནང་།
        2014ལོ་ནས་2017ལོ་བར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་གནང་།
        2017ལོ་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་གནང་།
        སྐབས་བཅུ་དྲུག་པ་དང་། སྐབས་བཅུ་བདུན་པ། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཨུ་ཡོན་དང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་བཅས་གནང་།