མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅༎ཐའེ་ཝན་གྱི་སྤྱི་ཚོགས་ཐོག་ཚོགས་ཆེན་བཅུ་དགུ་པས་བློ་རྩ་བརྟན་ཞིང་ཡིད་ཆེས་ཁེངས་
ནས་ནུས་ཤུགས་འདང་བར་བྱེད་ཚུལ་ཚ་ཚ་འུར་འུར་ངང་ནས་གླེང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་26ཉིན། 16:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། ཟླ10ཚེས་25ཉིན། ཉེ་བའི་ཉིན་ཤས་རིང་དུ། ཀྲུང་གོའི་གུང་ཁྲན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚོགས་ཆེན་སྐོར་ལ་ཐའེ་ཝན་དུ་དོ་སྣང་བྱེད་ཚད་ཆུང་དུ་ཕྱིན་མེད་པར། སྨྱན་སྦྱོར་ཁང་ཁག་གིས་རྒྱ་ཁྱབ་ཏུ་གནས་འཕྲིན་སྤེལ་ཞིང་། གྲོས་ཚོགས་གྲོལ་མ་ཐག་ཏུ་ཚོགས་ཆེན་བཅུ་དགུ་པའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་གཅིག་རྗེས་གཉིས་མཐུད་དུ་འཚོགས་ཏེ། ཚོགས་ཆེན་བཅུ་དགུ་པའི་རྗེས་སུ་སྐམ་ས་ཆེན་མོས་ཐའེ་ཝན་ལ་འཛིན་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་དང་། དེ་བཞིན་དུ་ཐའེ་ཝན་གྱི་མ་འོངས་པའི་གོ་སྐབས་ལ་དབྱེ་ཞིབ་བྱས་པ་རེད། 
         ཆབ་སྲིད་སློབ་ཆེན་དུ་གཉེར་བའི་བཞུགས་མོལ་ཚོགས་འདུ་ཐོག་ཏུ། མིང་ཁྲོན་སློབ་ཆེན་གྱི་ངོགས་གཉིས་པོའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དབྱང་ཁའེ་ཧོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཏང་གི་སྒྲིག་ཡིག་ནང་དུ་འགོད་དོན་ནི་ཞི་ཅིན་ཕིང་གིས་ཟུར་པ་མང་པོས་འགྲུབ་མ་ཐུབ་པའི་དོན་དག་མང་པོ་བསྒྲུབས་པའི་དབང་གིས་རེད་ཅེས་བསྟན་ཡོད། 
         ཁོང་གིས། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དུ་ཐའེ་ཝན་ལ་འཛིན་པའི་སྲིད་ཇུས་ཐད"རང་བཙན"གྱི་ལམ་བུར་རྒོལ་ཤུགས་ཆེ་རུ་བཏང་བ་དེ་ནི། "གང་རུང་དྲུག"ཙམ་མ་ཡིན་པར། ད་དུང"བློ་རྩ་བརྟན་པོ་དང་། ཡིད་ཆེས་ཀྱིས་ཁེངས་བཞིན་པར་ནུས་ཤུགས་འདང་བར་བྱེད་པ་ཡིན་པ"ཡིན་པའི་འདོད་ཚུལ་བཟུང་བ་རེད།