མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་
པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུའི་
སྐོར་ཞིབ་འཇུག་དང་བཀོད་སྒྲིག་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་27ཉིན་སྐབས་བཅུ་དགུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུའི་སྐོར་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་དང་འབྲེལ་《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག་》དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་ཞིབ་སྲོལ་》ལ་གྲོས་ཞིབ་ཀྱང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
          ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་ཏང་གི་འགོ་ཁྲིད་ཀྱི་ཆེས་མཐོའི་རྩ་དོན་ཡིན་པ་དང་རྩ་བའི་ཐོག་ནས་བརྗོད་ན་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་ལ། མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཡང་འབྲེལ་བ་ཡོད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱ་རྒྱུ་དེ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཞིག་ཡིན་པ་དང་། དང་ཐོག་ནི་ཀྲུང་དབྱང་འགོ་ཁྲིད་རིམ་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བཙུགས་ནས་ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞིར་སྲུང་བརྩི་ནན་པོ་ཞུ་བ་དང་། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བླང་བྱ་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ། རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཉམ་སྡེབ་གཅིག་གྱུར་གྱི་འགོ་ཁྲིད་འོག་འགན་འཁྲི་བསྒྲུབས་པ་དང་ལས་དོན་སྤེལ་བ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནས་བབ་སྲུང་སྐྱོང་། ཏང་ཡོངས་ཀྱི་འདུན་པ་གཅིག་སྡུད་བཅས་བྱས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ཡིད་ཆེས་ཀྱིས་ཁེངས་བཞིན་པར“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་བརྗིད་ཆེའི་དམིགས་ཚད་ཀྱི་ཕྱོགས་སུ་དཔའ་ངར་ཞུམ་མེད་ཀྱིས་མདུན་སྐྱོད་བྱེད་དགོས།
ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག་ལ་རྦད་དེ་མོས་མཐུན་གནང་ཞིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚང་མས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་རང་འགུལ་ངང་གནད་དོན་གལ་ཆེན་ཏང་ཀྲུང་དབྱང་ལ་ཞིབ་འཇུག་བྱ་རྒྱུར་གོང་འབུལ་ཞུས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ་དང་དུས་ཐོག་ཏུ་དོན་འཁྱོལ་གྱི་འཕེལ་རིམ་གལ་ཆེན་སྙན་སེང་ཞུ་བ་དང་། སྣེ་ཁྲིད་དེ་ཏང་གི་ལས་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ཏེ་ལས་བགོས་དོ་དམ་ལས་དོན་དང་ཟུང་འབྲེལ་བྱས་ཏེ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཏང་ཀྲུང་དབྱང་ལ་ལས་བྱེད་པ་འོས་སྦྱོར་བྱེད་པ། ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་བྱས་ཏེ་ཏང་གི་སྒྲིག་ཡིག་ལས་འགལ་མཁན་དང་། ཏང་གི་སྒྲིག་ཁྲིམས་ལ་གཏོར་བཤིག་གཏོང་མཁན། ཏང་ཀྲུང་དབྱང་གི་གཅིག་སྡུད་འགོ་ཁྲིད་དང་མཐུན་སྒྲིལ་གཅིག་གྱུར་ལ་གནོད་འཚེ་གཏོང་བའི་གཏམ་སྤྱོད་བཅས་དང་རང་རྟོགས་ངང་འཐབ་རྩོད་བྱས་ཏེ་ལས་བགོས་དོ་དམ་སྡེ་ཚན་དང་ཁྱབ་ཁོངས་དང་དེ་བཞིན་གནས་སའི་ས་ཁུལ་གྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་འགན་འཁྲི་ནན་ཏན་ངང་བསྒྲུབས་པ། ལོ་ལྟར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིར་ཡིག་ཐོག་ནས་ལས་སྒྲུབ་སྙན་འབུལ་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ། འབྲེལ་ཡོད་དྲིལ་བསྒྲགས་འཕྲིན་སྤེལ་གྱི་གཏན་འབེབས་ལ་སྲུང་བརྩི་ནན་པོ་ཞུ་བ་བཅས་བྱེད་དགོས། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཙུའུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་བཅས་ཀྱིས་ལོ་ལྟར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཆབ་སྲིད་ཅུས་ལ་ལས་དོན་སྙན་སེང་ཞུ་དགོས།
         ཚོགས་འདུའི་ཐོག་ངོས་འཛིན་གནང་དོན། སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱ་རྒྱུ་དེ་ནི་རང་རེའི་ཏང་གིས་མང་ཚོགས་དང་ཁ་འབྲལ་མིན་དང་། ཡུན་རིང་སྲིད་འཛིན་ཐུབ་མིན། སྲིད་འཛིན་གྱི་འགན་འཁྲི་བསྒྲུབ་ཐུབ་མིན་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་སྤྱོད་བཟང་སྒྲིག་ནན་ཐད་བཀོད་སྒྲིག་གསར་པ་བྱས་ཡོད་པས། ང་ཚོས་ངེས་པར་དུ་གོང་གིས་འོག་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་སྤྱོད་ཚུལ་ལེགས་བཅོས་དང་སྤྱོད་ཚུལ་སྒྱུར་རྒྱུ་མཐའ་འཁྱོངས། ཏང་གི་སྤྱོད་ཚུལ་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཏང་དང་མི་དམངས་བསམ་བློ་གཏོང་ས་གཅིག་ཏུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་དོན་བསྒྲུབས་རྒྱུ་འགན་ལེན་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས།
         ཚོགས་འདུའི་ཐོག་བསྟན་དོན། བཟོ་བཅོས་བརྒྱབ་རྗེས་ཀྱི་ལག་བསྟར་ཞིབ་སྲོལ་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཐའ་འཁྱོངས་བྱ་རྒྱུ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་གི་བཀོད་སྒྲིག་དང་བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ལོ་དེ་དག་ནང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་པའི་བརྒྱུད་རིམ་ནང་འཕྲད་པའི་གནས་ཚུལ་དང་གནད་དོན་གསར་པར་གཞིགས་ནས། གཙོ་གནད་ཐོག་བརྟག་དཔྱད་ཞིབ་འཇུག་ལེགས་བཅོས་དང་། ཚོགས་འདུའི་བྱེད་སྒོ་ཁུ་བསྡུ། ཡིག་ཆ་དང་གནས་ཚུལ་གནད་ཞུ་ཁུ་བསྡུ། འཚམས་འདྲིའི་བྱེད་སྒོ་ཚད་ལྡན། གསར་འགྱུར་འཕྲིན་སྤེལ་ལེགས་བཅོས། ཧུར་བསྲི་གྲོན་ཆུང་ལག་བསྟར་སོགས་ཐད་ཀྱི་ནང་དོན་སྔར་བས་ཚད་ལྡན་དང་། ཞིབ་ཚགས། འཐུས་སྒོ་ཚང་དུ་བཏང་བ་བཅས་བྱས་པ་དེ་དག་ལས་ཀའི་དོན་དངོས་དང་མཐུན་པར་བརྟེན་མཛུབ་ཁྲིད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་ལྡན་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་དེ་ཏང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་ནན་པོ་བྱས་ནས་ཏང་ཡོངས་ལ་མིག་དཔེ་སྟོན་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་ཨང་དང་པོ་དེ་ཡིན། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བསམ་བློ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་ལ་འཁེལ་བའི་ལས་འགན་ཁག་གི་ཐོག་གཅིག་སྡུད་བྱེད་དགོས་པ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་དང་ཏང་གི་སྒྲིག་ཡིག་ཞིབ་ཀློག་ནན་ཏན་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཉིང་བཅུད་དང་ལྟེ་བའི་ནང་དོན་ལ་གོ་བ་ཡང་དག་བླངས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཇི་མ་ཇི་བཞིན་སློབ་སྦྱོང་ཡག་པོ་བྱེད་དགོས་པ། ཕྱོགས་ཡོངས་དང་ཞིབ་ཕྲའི་རྨང་གཞིའི་ཐོག་གཙོ་གནད་འབུར་དུ་ཐོན་པ་དང་འགག་རྩ་དམ་འཛིན་བྱས་ནས་ཤུགས་རྒྱག་ས་དེ་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ངེས་པར་དུ་ཏང་གིས་ཡུན་རིང་མཐའ་འཁྱོངས་བྱེད་པའི་མཛུབ་ཁྲིད་བསམ་བློ་ཡིན་པའི་ཐོག་གཅིག་སྡུད་དང་། ལོ་ལྔའི་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཐོག་གཅིག་སྡུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་ཉིད་དུས་རབས་གསར་པར་སླེབས་པ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར་འགྱུར་བ་སོགས་ཀྱི་ཆོད་གཏམ་གལ་ཆེན་གྱི་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ཐོག་གཅིག་སྡུད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐོག་གཅིག་སྡུད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱིས་བརྩི་བཀུར་དང་། མི་དམངས་ཀྱིས་དགའ་གུས་སྙོན་མེད་བཅས་ཀྱི་ཏང་གི་གཙོ་འཛིན་ཞིག་ཡིན་པའི་ཐོག་གཅིག་སྡུད་བཅས་བྱེད་དགོས།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་ཏང་གི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོད་པའི་ལས་དོན་གྱི་ལས་འགན་གཙོ་བོར་བརྩིས་ནས་ཏང་ཡོན་ཡོངས་ཀྱི་ཁྲོད་དུ་རྣམ་པ་སྣ་ཚོགས་དང་། རིམ་པ་དབྱེ་བ། ཡོངས་སུ་ཁྱབ་པ་བཅས་ཀྱི་སློབ་སྦྱོང་གསོ་སྦྱོང་སྤེལ་དགོས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་ཏང་གི་སློབ་གྲྭ་དང་། ལས་བྱེད་སློབ་གླིང་། སྲིད་འཛིན་སློབ་གླིང་བཅས་ཀྱི་སློབ་གསོ་དང་གསོ་སྦྱོང་ཁྲོད་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དུ་བརྩི་བ་དང་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོ་དང་སློབ་ཁང་སློབ་ཁྲིད་ཀྱི་གལ་ཆེའི་ནང་དོན་དུ་བརྩི་དགོས་པ། ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྒྲིག་འཛུགས་བྱས་ཏེ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་ལག་བསྟར་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་དང་བྱ་སྤྱོད་དངོས་དྲིལ་བསྒྲགས་ཤུགས་ཆེན་བྱ་རྒྱུར་གཙིགས་ཆེན་དང་། གཞི་རིམ་ལས་བྱེད་མང་ཚོགས་ཀྱིས་སློབ་སྦྱོང་ལག་བསྟར་བྱེད་པའི་དཔེ་མཚོན་བྱས་རྗེས་དང་རྣམ་པ་བཟང་པོ་མཚོན་རྒྱུར་གཙིགས་ཆེན། རྒྱ་ཁྱབ་ངང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཧུར་ཐག་ཞུགས་རྒྱུར་ཡིད་དབང་འགུག་པ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་པ་དང་། ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་ལ་དམིགས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་ཧུར་ཐག་བྱེད་དགོས།
         ཚོགས་འདུའི་ཐོག་བསྟན་དོན། གཅིག་སྡུད་སྒྲོག་འགྲེལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁེ་ལས་དང་། གྲོང་གསེབ། ལས་ཁུངས། སློབ་གྲྭ སྡེ་ཁུལ། དམག་སྒར། དྲ་ཚིགས་བཅས་སུ་དྲིལ་བསྒྲགས་བྱེད་པ་དང་། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་སློབ་སྦྱོང་བྱེད་པ་དང་སྒྲོག་འགྲེལ་བྱེད་པ། ལས་དོན་བསྒྲུབ་པ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་འགྲེལ་བཤད་གསལ་པོ་བརྒྱབ་ནས་མི་སེར་ཚོས་གོ་ཐུབ་པ་དང་། གོ་བ་ལེན་ཐུབ་པ། དོན་འཁྱོལ་ཐུབ་པ་བཅས་བྱས་ཏེ་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་མང་ཚོགས་ཁྲོད་དྲིལ་བསྒྲགས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཏང་སེམས་དང་དམངས་སེམས་གཅིག་སྡུད་དང་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཆེར་གཏོང་དགོས།
         ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཏེ་ཏང་ཡོངས་ཀྱིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་ཤུགས་ཆེན་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་ཏན་ཏིག་བཏང་ནས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་གནང་བ་རེད།