མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་ལྟ་ཞིབ་པུའི་དྲ་ཚུགས་སུ་《ཚོགས་ཆེན་བཅུ་དགུ་པའི་
ཏང་གི་སྒྲིག་ཡིག་གི་ཡོངས་བསྒྲགས་སློབ་ཚན་》བཀོད་སྒྲིག་བྱས་ནས་ཏང་གི་སྒྲིག་ཡིག་
གསར་པར་གསལ་འགྲེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་30ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་28ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁའི་ངང་གྲོལ་མ་ཐག་པའི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་གཅིག་མཐུན་བྱུང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་ཆེད། ཟླ་10ཚེས་30ཉིན་ནས་བཟུང་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་ལྟ་ཞིབ་པུའི་དྲ་ཚུགས་སུ་གསར་རྩོམ་བརྙན་ལམ་ལེ་ཚན་《ཚོགས་ཆེན་བཅུ་དགུ་པའི་ཏང་གི་སྒྲིག་ཡིག་གི་ཡོངས་བསྒྲགས་སློབ་ཚན་》བཀོད་སྒྲིག་བྱས་ནས་ཏང་གི་སྒྲིག་ཡིག་གསར་པར་དོན་ཟབ་གོ་སླའི་ངང་གསལ་འགྲེལ་གཏིང་ཟབ་བྱེད་རྒྱུ་ཡིན་པ་རེད།
         ཏང་གི་སྒྲིག་ཡིག་ལ་བཟོ་བཅོས་གང་དག་བརྒྱབ་ཡོད་དམ། ཚོགས་ཆེན་བཅུ་དགུ་པའི་ཐོག་གསར་དུ་བཟོ་བཅོས་བརྒྱབ་པའི་ཏང་གི་སྒྲིག་ཡིག་ལ་འགྱུར་ལྡོག་གང་ཕྱིན་ཡོད་དམ། ཏང་གི་སྒྲིག་ཡིག་གསར་པ་འདིའི་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་གང་ཡིན་ནམ་ཞེས་པ་སོགས་ཀྱི་ཐད་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་དང་ལྟ་ཞིབ་པུའི་དྲ་ཚུགས་སུ་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་དང་། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཏང་ཨུའི་ཨུ་ཡོན། སློབ་དོན་པུའི་ཀྲུའུ་རེན། དགེ་རྒན་ཆེ་མོ་བ་བཅས་ཡིན་པའི་ཤེ་ཁྲུན་ཐའོ་ཡིས་《ཚོགས་ཆེན་བཅུ་དགུ་པའི་ཏང་གི་སྒྲིག་ཡིག་གི་ཡོངས་བསྒྲགས་སློབ་ཚན་》གཙོ་ཁྲིད་བྱེད་རྒྱུར་གདན་དྲངས་པ་དང་། མིག་སྔའི་ཆེས་སྔོན་ཐོན་གྱི་སྒྲིག་བཟོའི་བྱ་ཐབས་སྤྱད་ནས་རྒྱ་ཆེའི་ཏང་ཡོན་མང་ཚོགས་ལ་ད་ཐེངས་གསར་དུ་བཟོ་བཅོས་བརྒྱབ་པའི་ཏང་གི་སྒྲིག་ཡིག་སློབ་སྦྱོང་ལ་ཟུར་ཁྲིད་བྱེད་རྒྱུ་ཡིན་པ་རེད།
         ཡོངས་བསྒྲགས་སློབ་ཚན་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པར་གྲོས་འཆམ་བྱུང་བའི་ཏང་གི་སྒྲིག་ཡིག་གི་བཟོ་བཅོས་འཆར་ཟིན་གཞི་འཛིན་སར་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་དང་། ལག་ལེན་གྱི་གསར་གཏོད། ལམ་ལུགས་ཀྱི་གསར་གཏོད་བཅས་ལ་ཐོབ་པའི་གྲུབ་འབྲས་ཆ་ཚང་བའི་ངང་མངོན་པར་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གཏན་འཁེལ་བྱས་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་གཅིག་སྡུད་མངོན་པར་བྱེད་པ། ལོ་དེ་དག་རིང་ཏང་འཛུགས་སྐྱོང་ལ་གྲུབ་འབྲས་ཐོབ་པའི་ཉམས་མྱོང་མངོན་པར་བྱེད་རྒྱུ་ཡིན་པ་རེད། དེ་དང་དུས་མཚུངས་ཏང་ཡོངས་ཀྱིས་ཏང་གི་སྒྲིག་ཡིག་གོང་བཀུར་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་བྱ་གཞག་ཁག་ནང་དོན་འཁྱོལ་ཡོང་བའི་བརྩོན་ལེན་བྱེད་རྒྱུ་ཡིན་པ་རེད།