མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ལོ་སིའི་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་
དམིགས་བསལ་ཕོ་ཉ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་01ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ལོ་སིའི་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་པེན་དབྱང་གི་དམིགས་བསལ་ཕོ་ཉ་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ཧྲུན་ཐུང་དང་མཇལ་འཛོམས་གནང་བ་རེད།
         ཧྲུན་ཐུང་གིས་སྤྱི་ཁྱབ་ཧྲུའུ་ཅི་པེན་དབྱང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཏང་བའི་རྟེན་འབྲེལ་འཕྲིན་ཡིག་བརྒྱུད་སྤྲོད་གནང་བ་དང་སྦྲགས་ཞལ་ལན་བརྒྱུད་བསྒྲགས་ཀྱང་གནང་བ་རེད། པེན་དབྱང་གི་ངག་འཕྲིན་ནང་ངས་ལོ་སིའི་ཏང་གི་ཚབ་བྱས་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པར་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་འདེམས་ཐོན་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུན་སུམ་ཚོགས་པའི་ཆབ་སྲིད་ཀྱི་ཉམས་མྱོང་དང་རྩེར་སོན་གྱི་འགོ་ཁྲིད་ཀྱི་འཇོན་ཐང་ལ་བརྟེན་ནས་ཀྲུང་གོའི་ཏང་དང་སྲིད་གཞུང་དང་སྤུན་ཟླ་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་གནང་ནས་ལས་དོན་ཁག་འཕེལ་རྒྱས་ཁྲོད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ཏང་ཡོངས་ཀྱི་ཚད་མཐོའི་ཡིད་ཆེས་དང་བརྩི་བཀུར་ཐོབ་ཡོད། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཡང་དག་ལམ་ཕྱོགས་ཀྱི་ཁྲིད་སྟོན་འོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་སྐབས་གསར་པས་མུ་མཐུད་སྤུན་ཟླ་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་ཕྱོགས་ཡོངས་ནས་རྒྱལ་ཁ་ཆེན་པོ་གསར་པ་ཐོབ་རྒྱུ་དང་ཀྲུང་གོ་གུང་ཁྲན་ཏང་གི་བརྗིད་ཆེའི་འཆར་གཞི་དང་ལོ་རྒྱུས་ཀྱི་འགན་འཁྲི་མངོན་འགྱུར་ཡོང་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།
         ཞི་ཅིན་ཕིང་གིས་པེན་དབྱང་གི་ངག་འཕྲིན་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་བརྡར་གཅོད་གལ་ཆེན་དེར་ཀྲུང་གོའི་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། འཛམ་གླིང་སྤྱི་ཚོགས་རིང་ལུགས་དང་ཐ་ན་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལོ་རྒྱུས་ཐོག་ལའང་དོན་སྙིང་གལ་ཆེན་ལྡན་ཡོད། དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་ལོ་སི་ཚུད་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་རང་ངོས་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པ་དང་རང་ཚུགས་རང་བདག་གི་འཕེལ་རྒྱས་ལམ་བུ་རྒྱུན་སྲིང་ལྷོད་མེད་ངང་འཚོལ་ཞིབ་བྱས་པ་ཚང་མར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་གོ་དང་ལོ་སི་ཏང་གཉིས་ཀྱིས་ཚད་གཞི་དེ་བས་མཐོ་བ་དང་རིམ་པ་དེ་བས་གཏིང་ཟབ་པའི་ཐོག་ནས་ཀྲུང་གོ་དང་ལོ་སིའི་འབྲེལ་བའི་དམིགས་བསལ་གྱི་འཐབ་ཇུས་དོན་སྙིང་ལ་བལྟ་བ་དང་སྟངས་འཛིན་བྱས་ཏེ་ང་ཚོ་སོ་སོའི་རྒྱལ་ཁབ་འཛུགས་སྐྲུན་དང་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཆེད་དུས་རབས་ཀྱི་བླང་བྱ་དང་འཚམ་པའི་འབད་བརྩོན་གསར་པ་བྱེད་པ་དང་ལེགས་སྐྱེས་གསར་པ་འབུལ་དགོས་ངེས་རེད་ཅེས་གསུངས་པ་རེད།