མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲང་ཀའོ་ལི་ཡིས་འགན་འཁྲི་ཁུར་ཕོད་དང་འབད་འབུངས་ཡར་བརྩོན་གྱིས་ལྷོ་ཆུ་བྱང་འདྲེན་
ལས་གྲྭར་སྐུལ་འདེད་བཏང་ནས་ཕན་འབྲས་སྔར་བས་ཆེ་བ་ཐོན་པ་
བྱེད་དགོས་ཞེས་ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 08:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

       མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་2ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་པེ་ཅིང་དུ་འཚོགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲང་ཀའོ་ལིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནན་ཏན་ངང་སློབ་སྦྱོང་བྱེད་པ་དང་འབྲེལ་གོ་བ་བླངས་ཏེ་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་སྔར་བས་གཅིག་གྱུར་ཡོང་བ་བྱེད་པ་དང་། འགན་འཁྲི་ཁུར་ཕོད་པ་བྱེད་པ། འབད་འབུངས་ཡར་བརྩོན་བྱེད་པ་བཅས་བྱས་ཏེ་ལྷོ་ཆུ་བྱང་འདྲེན་ལས་གྲྭར་སྐུལ་འདེད་བཏང་ནས་ཕན་འབྲས་སྔར་བས་ཆེ་བ་ཐོན་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་དབང་དབྱང་ཚོགས་འདུར་ཕེབས་པ་རེད།
      ཀྲང་ཀའོ་ལིས་ལྷོ་ཆུ་བྱང་འདྲེན་ལས་གྲྭ་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་འཐབ་ཇུས་རང་བཞིན་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་ཡིན། ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ལྷོ་ཆུ་བྱང་འདྲེན་ལས་གྲྭའི་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ལས་གྲྭ་འཁོར་རྒྱུག་བརྟན་པོ་བྱུང་བ། ཕྱོགས་བསྡུས་ཕན་འབྲས་མངོན་གསལ་དོད་དུ་སོང་བ། ཆུ་སྤུས་སྤྱིར་ན་ཡག་པོ་བྱུང་བ། གནས་སྤོས་ཡུལ་མི་བརྟན་པོའི་ངང་འཕེལ་རྒྱས་བྱུང་བ། མ་དངུལ་བེད་སྤྱོད་བྱ་ཚུལ་ཚད་ལྡན་བྱུང་བ། དོ་དམ་གོ་རིམ་ལྡན་ལ་ནུས་པ་ལྡན་པ། འགག་རྩའི་ལག་རྩལ་ཚད་བརྒལ་བཅས་བྱུང་ཡོད་ཅེས་བསྟན་གནང་བ་རེད།
      ཀྲང་ཀའོ་ལིས་འགག་རྩའི་ལྷུ་ཚིགས་དང་ལས་འགན་གཙོ་བོ་འབུར་དུ་ཐོན་པར་བྱས་ནས་ལྷོ་ཆུ་བྱང་འདྲེན་ལས་གྲྭའི་ལས་དོན་ཁག་མུ་མཐུད་ཏན་ཏིག་ངང་སྒྲུབ་དགོས་པ་དང་། བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཚད་ལྡན་ཅན་གྱི་དོ་དམ་དང་འཁོར་རྒྱུག་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་ལས་གྲྭ་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱེད་དགོས། ལྟ་ཞིབ་དང་། ཚད་ལེན། སྲུང་སྐྱོང་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ“སྔོན་གསུམ་རྗེས་གསུམ”གྱི་རྩ་དོན་བཞིན་དོན་འཁྱོལ་གྱིས་འདྲེན་བྱའི་ཆུ་སྤུས་བརྟན་པོའི་ངང་ཚད་གཞིར་སླེབས་ཐུབ་པའི་འགན་ལེན་བྱེད་དགོས། གནས་སྤོས་ཡུལ་མིར་རོགས་སྐྱོར་ཡག་པོ་བྱེད་དགོས་ཤིང་། བཟོ་དགོས་པའི་སྲིད་ཇུས་ཆ་ཚང་པོ་བཟོ་བ་དང་སྒྲུབ་དགོས་པའི་བྱ་བ་ཡག་པོ་བསྒྲུབས་ནས་གནས་སྤོས་ཡུལ་མི་དང་ས་གནས་དེ་གའི་མང་ཚོགས་གོམ་སྟབས་གཅིག་མཚུངས་སུ་འབྱོར་འབྲིང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཆུ་གྲོན་ཆུང་དང་། ཆུ་སྐོང་འདྲེན། ཆུ་བེད་སྤྱོད་བཅས་ཀྱི་ལམ་སྲོལ་ཡག་པོ་འཛུགས་པ་དང་། ཆུ་མང་ཉུང་གི་ཚད་གཞི་ཞིང་ཆེན་བར་གྱི་བཀོད་སྒྲིག་དང་བཀོད་གཏོང་བྱེད་སྟངས་ལེགས་སུ་གཏོང་བ། པེ་ཅིང་དང་། ཐེན་ཅིན། ཧོ་པེ་གསུམ་གྱི་མཐུན་སྦྱོར་འཕེལ་རྒྱས་དང་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་སོགས་ཀྱི་འཐབ་ཇུས་ཆེན་པོ་ལག་བསྟར་ལ་ཞབས་འདེགས་ཞུ་བ། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ཆུའི་དགོས་མཁོ་འགན་ལེན་བྱེད་པ་བཅས་བྱས་ཏེ་ལས་གྲྭ་ནས་ཕན་འབྲས་གང་ལེགས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། ཞིབ་འཇུག་གཏིང་ཟབ་དང་རིགས་པས་ཁུངས་སྐྱེལ་བྱས་ནས་རྗེས་མཐུད་ལས་གྲྭ་འཛུགས་སྐྲུན་གྱི་གྲ་སྒྲིག་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང“ནན་གསུམ་དྲང་གསུམ”གྱི་བླང་བྱ་གཞིར་བཟུང་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ་བཅས་བྱས་ནས་ལྷོ་ཆུ་བྱང་འདྲེན་ལས་དོན་ལ་དམ་འཛིན་ཏན་ཏིག་དང་། ཞིབ་ཚགས། དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     དབང་དབྱང་གིས་ལྷོ་ཆུ་བྱང་འདྲེན་ལས་གྲྭ་འཛུགས་སྐྲུན་ཟིན་ནས་གཉེར་སྐྱོང་བྱུང་བ་དང་འབྲེལ་ཕན་འབྲས་ཧ་ཅང་ཆེན་པོ་ཞིག་ཀྱང་ཐོན་པ་དེ་ཐོག་ནས་རང་རྒྱལ་གྱི་ཆབ་སྲིད་ལེགས་ཆ་དང་ལམ་ལུགས་ལེགས་ཆ་སླར་ཡང་ར་འཕྲོད་ཐུབ་ཡོད། ལས་གྲྭ་འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་རིང་བསགས་པའི་ཉམས་མྱོང་ཡག་པོ་དང་བྱེད་སྟངས་ཡག་པོ་ནན་ཏན་ངང་ཕྱོགས་སྡོམ་བྱེད་པ་དང་། དུས་རབས་ཀྱི་བླང་བྱ་དང་མཐུན་པའི་དོ་དམ་སྒྲིག་སྲོལ་དང་འཁོར་རྒྱུག་ལམ་སྲོལ་མགྱོགས་མྱུར་འཛུགས་པ། ལྷོ་ཆུ་བྱང་འདྲེན་ལས་གྲྭ་འདི་ཉིད“ཆུ་དྭངས་མའི་བར་ཁྱམས”དང“ལྗང་མདོག་གི་བར་ཁྱམས”ཤིག་ཏུ་སྐྲུན་པ་བཅས་བྱས་ནས་ལས་གྲྭ་དེའི་ཕན་པ་མི་དམངས་དང་སྤྱི་ཚོགས་ལ་ཡུན་རིང་ཐོབ་པར་བྱེད་དགོས། མཛོད་ཁུལ་གྱི་གནས་སྤོས་ཡུལ་མིར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ནང་ཁོང་ཚོ་རྗེས་ལུས་མི་ཐེབས་པའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།
      རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་གཞུང་ལས་ཁང་གི་འགན་འཁུར་བས་ཚོགས་འདུའི་ཐོག་ལྷོ་ཆུ་བྱང་འདྲེན་ལས་གྲྭ་འཛུགས་སྐྲུན་དང་འཁོར་རྒྱུག་དོ་དམ་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྷོ་ཆུ་བྱང་འདྲེན་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཚན་པ་ཁག་གི་འགན་འཁུར་བ་ཚོགས་འདུར་ཞུགས་པ་རེད།