མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 09:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་འཚོགས་པ།

           མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་2ཉིན་ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་པའི་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཀྲུང་དབྱང་དམག་ཨུད་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བློ་མཐུན་ཀྲང་ཧྲེང་མིང་ལ་བཀའ་བཀོད་ལག་ཁྱེར་གནང་བ་རེད།
         ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་30ཡི་ཐོག་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་མཛད་སྒོ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་འགོ་ཚུགས་པ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་སྤྲོད་པའི་བཀའ་རྒྱ་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེང་གིས་སྒྲོག་སྦྱངས་གནང་བ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་གོ་རྟགས་སྤྲོད་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
         ཧྲང་ཅང་དམག་དཔོན་གྱི་གོ་རྟགས་ཐོབ་པའི་ཀྲང་ཧྲེང་མིང་དམག་གོས་གཙང་ཞིང་གྲལ་སྒྲིག་པ་དང་སྙིང་སྟོབས་ཆེར་སྐྱེད་ཀྱི་སྒོ་ནས་ཀྲུའུ་ཞི་སྟེགས་བུའི་མདུན་དུ་ཡོང་བ་རེད། ཞི་ཅིན་ཕིང་གིས་ཁོང་ལ་བཀའ་བཀོད་ལག་ཁྱེར་གནང་བ་དང་འབྲེལ་བྱམས་བརྩེའི་ངང་ཕྱག་བཏང་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཧྲང་ཅང་དམག་དཔོན་གྱི་གོ་རྟགས་བཏགས་པའི་ཀྲང་ཧྲེང་མིང་གིས་ཞི་ཅིན་ཕིང་ལ་གུས་འདུད་དང་མཛད་སྒོར་ཞུགས་མཁན་བློ་མཐུན་ཡོངས་ལ་གུས་འདུད་ཞུས་པས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
         སྐད་གསང་མཐོན་པོའི་དམག་གླུའི་སྒྲའི་ཁྲོད་གོ་རྟགས་སྤྲོད་པའི་མཛད་སྒོ་མཇུག་འགྲིལ་བ་རེད། དེ་རྗེས་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཀྲང་ཧྲེང་མིང་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་པ་རེད།
        ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝུའེ་ཧྥེང་ཧོ་དང་། ལི་ཙུའོ་ཁྲེང་། མེའོ་ཧྭ་དང་དེ་བཞིན་དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགོ་ཁྲིད་དང་། པེ་ཅིང་དུ་བཅའ་སྡོད་ཚན་པ་ཆེན་པོའི་འཐབ་ཁུལ་གྱི་གོ་གནས་གཞོན་པ་ཡན་གྱི་འགོ་ཁྲིད་སོགས་གོ་རྟགས་སྤྲོད་པའི་མཛད་སྒོར་ཕེབས་ཡོད་པ་རེད།