མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ལྷ་མཚོས་ཚང་མས་སེམས་ཤུགས་གཅིག་སྒྲིལ་གྱིས་ཏང་
གི་རྗེས་སུ་འབྲང་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ལྷ་མཚོས་ཚང་མས་སེམས་ཤུགས་གཅིག་སྒྲིལ་གྱིས་ཏང་
གི་རྗེས་སུ་འབྲང་ཞེས་བཤད་པ།

         ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཡིན་པ་ཕུད། ལྷ་མཚོ་ལ་ད་དུང་གོ་མིང་མང་པོ་ཡོད་པ་སྟེ། བོད་རང་སྐྱོང་ལྗོངས་ཀྱི"སྐལ་བཟང་མེ་ཏོག་མཛེས་ཤོས"དང་། འཇོ་མདའ་རྫོང་འཇོ་མདའ་གྲོང་རྡལ་སྐར་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་། གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི། སྐར་ཐང་གྲོང་ཚོའི་ཨན་ཞིན་ཁ་ལོ་བའི་སློབ་གྲྭའི་སློབ་གཙོ། སྐལ་བཟང་མེ་ཏོག་མི་རིགས་གྱོན་ཆས་ལས་སྣོན་བྲིན་ཚོང་འགན་འཁྲི་ཚད་ཡོད་ཀུང་སིའི་ཁྲིམས་མི་སོགས་རེད། 
         ལྷ་མཚོ་ཡིས་སྤྲོ་སྣང་ཆེན་པོ་ལྡན་པའི་ངང་ནས་ཚང་མར་ཚོགས་ཆེན་བཅུ་དགུ་པར་ཞུགས་སྐབས་ཀྱི་མཐོང་ཐོས་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གོ་བ་ལེན་བ་དང་ཚོར་ཤེས་བརྗོད་པ་རེད།
         ལྷ་མཚོས་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་པའི་ངང་ནས"ཟླ་10ཚེས་16ཉིན། ང་ཚོ་པེ་ཅིང་ལ་སླེབས་སོང་། ཚེས་18ཉིན། ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཞིག་ཡིན་པའི་ཐོག་ནས་ངའི་མི་ཚེ་འདིར་མི་དམངས་ཚོགས་ཁང་ཆེ་མོའི་ས་གདན་དམར་པོའི་ཐོག་ཐེངས་དང་པོ་བསྐྱོད་དེ་ཚོགས་ཆེན་ལ་ཞུགས་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཇལ་བ་མ་ཟད། ད་དུང་ཁོང་དང་མཉམ་པར་ཡང་བླངས་པ་ཡིན། ད་ལྟ་ཕྱི་དྲན་བྱེད་དུས། ངས་སྔར་བཞིན་དེ་དག་ནི་རྨི་ལམ་རྨིས་པ་ལྟ་བུ་རེད་འདུག"ཅེས་བཤད་པ་རེད།
         ལྷ་མཚོ་ཡིས་མུ་མཐུད་ནས"ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང‘དམངས་འཚོར་བདེ་སྐྱིད་ཇེ་ཆེ་ལྡན་པར་བྱེད་རྒྱུ་ནི་འཕེལ་རྒྱས་ཀྱི་རྩ་བའི་དམིགས་ཡུལ་ཡིན་ཞིང་། ངེས་པར་དུ་དམངས་འཚོའི་ཕན་པ་གང་མང་བརྩོན་ལེན་བྱེད་དགོས་པ་དང་། དམངས་འཚོའི་ཐད་ཀྱི་དཀའ་ངལ་གང་མང་སེལ་ཐབས་བྱེད་དགོས་ཞེས་བཏོན་ཡོད། དེ་ནི་དངོས་གནས་ང་ཚོའི་སེམས་གཏིང་གི་སྐད་ཆ་གསུངས་པ་རེད། ལོ་འདི་དག་གི་རིང་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བྱམས་བརྩེ་ལྡན་པའི་སྒོ་ནས་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུས་འགོ་ཁྲིད་སྟོབས་ལྡན་གནང་བའི་འོག་ང་ཚོ་ཚང་མའི་འཚོ་བ་ད་གཟོད་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་ངེས་ཡིན"ཞེས་བཤད་པ་རེད།
         ཟླ་11ཚེས་2ཉིན་གྱི་སྔ་དྲོར། ལྷ་མཚོས་སླར་ཡང་གྲོང་ཚོ་ཨུ་ཡོན་ལྷན་ཁང་དུ་གཅིག་བསྡུས་ཀྱི་སྒྲོག་འགྲེལ་བྱས་ཤིང་། ཁོང་གིས་སྐར་ཐང་གྲོང་ཚོའི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་མི་ཚང་མར་སྨན་བཅོས་དང་སློབ་གསོ། རྒན་གསོ་འགན་བཅོལ་སོགས་ཐད་ཀྱི་སྲིད་ཇུས་དང་། དེ་བཞིན་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། སྤྱི་ཚོགས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་། ཐུན་མོང་དུ་འཕེལ་རྒྱས་ཕྱུག་འགྱུར་སོགས་ཀྱི་ཐད་ལ་གྲོང་མི་ཚོས་ཇི་ལྟར་བྱེད་དགོས་པ་སྒྲོག་འགྲེལ་བྱས་པ་མ་ཟད། ད་དུང་སྔོན་ཐོན་གཉིས་ལྡན་དུད་སྦྲེལ་དང་། གྲོང་ཚོར་བཅའ་སྡོད་ལས་སྒྲུབ་རུ་ཁག གྲོང་ཚོའི"ཨུ་ལྷན་གཉིས"ཚན་པ་སོགས་ཀྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ལེགས་པོ་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྣེ་ཁྲིད་ཀྱིས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ནས་གྲོང་ཚོ་ཡོངས་གོང་དུ་སྤེལ་བར་བྱས་རྗེས་བཞག་པར་བསྔགས་སྐུལ་བྱས་པ་རེད།