མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱི་འབྲེལ་པུའུ་ཡིས་རྒྱ་གར་གྱིས་རྩོད་གཞི་ཡོད་ཁུལ་དུ་བྱེད་སྒོ་སྤེལ་ན་ཕྱོགས་གཉིས་ཀྱི་བདེ་ལྷིང་
ལ་ཕན་པ་མེད་ཅེས་བསྟན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་07ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཕྱི་འབྲེལ་པུའུ་ཡིས་རྒྱ་གར་གྱིས་རྩོད་གཞི་ཡོད་ཁུལ་དུ་བྱེད་སྒོ་སྤེལ་ན་ཕྱོགས་གཉིས་ཀྱི་བདེ་ལྷིང་
ལ་ཕན་པ་མེད་ཅེས་བསྟན་པ།

           མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་6ཉིན། ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པ་ཧྭ་ཁྲུན་ཡིང་གིས་གཙོ་སྐྱོང་བྱས་པའི་འཆར་ཅན་གསར་འགོད་པའི་ཚོགས་འདུའི་ཐོག ཚོགས་ཞུགས་གསར་འགོད་པ་ཚོར་ཙུང་ལི་ལི་ཁེ་ཆང་ཨེ་ཤེ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་རྒྱུ་མ་ཟད་ཧྥི་ལི་ཕིན་རྒྱལ་ཁབ་ཏུ་འཚམས་འདྲི་གནང་བར་ཕེབས་རྒྱུའི་གནས་ཚུལ་མཚམས་སྦྱོར་བྱས་རྗེས། ཁོ་རེ་ཡ་གླིང་ཕྲན་ཕྱེད་མའི་གནས་བབ་དང་ཀྲུང་གོའི་ཡུལ་སྐོར་ཚོགས་པར་ཧྥ་རན་སེར་འཕྲོག་བཅོམ་བྱུང་བའི་གནད་དོན་སོགས་ལན་བསྐྱོན་པ་རེད།
          ཚོགས་འདུའི་ཐོག གསར་འགོད་པས་རྒྱ་གར་གྱི་རྒྱལ་སྲུང་འགོ་འཛིན"ཨ་རུ་ནཱ་ཆལ་(Arunachal Pradesh)མངའ་སྡེ"ཏེ་མོན་རྟ་དབང་གི་མཐའ་སྲུང་ས་ཁུལ་དུ་འཚམས་འདྲི་གནང་བར་ཕེབས་ཚུལ་སྐོར་གྱི་དྲི་བར་ཧྭ་ཁྲུན་ཡིང་གིས་ལན་འདེབས་དུས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་ལངས་ཕྱོགས་ཧ་ཅང་གསལ་པོ་ཡིན། ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་ཤར་རྒྱུད་དུ་རྩོད་གཞི་ཡོད་པ་འདི་ནི་དོན་དངོས་རེད། ང་ཚོས་བསམས་ན་རྒྱ་གར་ཕྱོགས་ཀྱི་དཔོན་རིགས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་རྩོད་ལྡན་ས་ཁུལ་དུ་བྱེད་སྒོ་སྤེལ་ན། ཕལ་ཆེར་མཐའ་མཚམས་ཀྱི་གནད་དོན་རྙོག་དྲ་ཇེ་ཆེར་འགྲོ་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀས་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བདེ་ལྷིང་སྲུང་སྐྱོང་ལ་འབད་པ་བྱས་པར་ཕན་པ་མེད། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཐུན་མོང་ཐོག་འབད་པ་བྱས་ཏེ་མུ་མཐུད་ཕྱོགས་གཉིས་ཀས་གྲོས་མོལ་ཐག་གཅོད་བྱེད་པ་བརྒྱུད་ནས་མཐའ་མཚམས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཆ་རྐྱེན་དང་ཁོར་ཡུག་ལེགས་པོ་བསྐྲུན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་ཆེ་ཕྱོགས་སྲུང་སྐྱོང་བྱེད་རེ་ཡོད་ཅེས་བསྟན་པ་རེད།
          དྲི་བ། ཁ་སང་། རྒྱ་གར་གྱི་རྒྱལ་སྲུང་འགོ་འཛིན་ཞི་ཐ་ལཱ་མན་གྱིས"ཨ་རུ་ནཱ་ཆལ་(Arunachal Pradesh)མངའ་སྡེ"སྟེ་མོན་རྟ་དབང་དུ་ཡོད་པའི་མཐའ་སྲུང་ས་ཁུལ་དུ་འཚམས་འདྲི་གནང་བར་ཕེབས་པ་རེད། ཀྲུང་གོ་ཕྱོགས་ལ་འདིའི་སྐོར་དཔྱད་གཏམ་སྤེལ་རྒྱུ་ཅི་ཞིག་ཡོད་དམ།
         ལན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་ལངས་ཕྱོགས་ཧ་ཅང་གསལ་པོ་ཡིན། ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་ཤར་རྒྱུད་དུ་རྩོད་གཞི་ཡོད་པ་འདི་ནི་དོན་དངོས་རེད། ང་ཚོས་བསམས་ན་རྒྱ་གར་ཕྱོགས་ཀྱི་དཔོན་རིགས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་རྩོད་ལྡན་ས་ཁུལ་དུ་བྱེད་སྒོ་སྤེལ་ན། ཕལ་ཆེར་མཐའ་མཚམས་གནད་དོན་རྙོག་དྲ་ཇེ་ཆེར་འགྲོ་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀས་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བདེ་ལྷིང་སྲུང་སྐྱོང་ལ་འབད་པ་བྱས་པར་ཕན་པ་མེད། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཐུན་མོང་ཐོག་འབད་པ་བྱས་ཏེ་མུ་མཐུད་ཕྱོགས་གཉིས་ཀས་གྲོས་མོལ་ཐག་གཅོད་བྱེད་བརྒྱུད་ནས་མཐའ་མཚམས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཆ་རྐྱེན་དང་ཁོར་ཡུག་ལེགས་པོ་བསྐྲུན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་ཆེ་ཕྱོགས་སྲུང་སྐྱོང་བྱེད་རེ་ཡོད།

༄༅།།ཕྱི་འབྲེལ་པུའུ་ཡིས་རྒྱ་གར་གྱིས་རྩོད་གཞི་ཡོད་ཁུལ་དུ་བྱེད་སྒོ་སྤེལ་ན་ཕྱོགས་གཉིས་ཀྱི་བདེ་ལྷིང་
ལ་ཕན་པ་མེད་ཅེས་བསྟན་པ།