མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ལྕམ་ཕེང་ལེ་ཡོན་རྣམ་གཉིས་ཀྱིས་ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་དང་ལྕམ་མེ་ལཱ་ཅི་
ཡཱར་ཕེབས་རོགས་ཞུས་ཏེ་གོང་མའི་ཕོ་བྲང་གི་རྟེན་རྫས་ཁང་དུ་གཟིགས་སྐོར་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་09ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་དང་ལྕམ་ཕེང་ལེ་ཡོན་རྣམ་གཉིས་ཀྱིས་ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་དང་ལྕམ་མེ་ལཱ་ཅི་
ཡཱར་ཕེབས་རོགས་ཞུས་ཏེ་གོང་མའི་ཕོ་བྲང་གི་རྟེན་རྫས་ཁང་དུ་གཟིགས་སྐོར་གནང་བ།

        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་ཕེང་ལེ་ཡོན་རྣམ་གཉིས་ཀྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་དང་ལྕམ་མེ་ལཱ་ཅི་ཡཱར་ཕེབས་རོགས་ཞུས་ཏེ་གོང་མའི་ཕོ་བྲང་གི་རྟེན་རྫས་ཁང་དུ་གཟིགས་སྐོར་གནང་བ་རེད། རྒྱལ་ཁབ་གཉིས་པོའི་དབུ་གཙོ་དང་སྟེང་ཞལ་གྱིས་གོང་མའི་ཕོ་བྲང་པའོ་ཡུན་ཚོམས་ཁང་དུ་གསོལ་ཇ་གསོལ་ལ་བཀའ་མོལ་ཡང་གནང་ཞིང་། ལྷན་དུ་གོང་མའི་ཕོ་བྲང་གི་ཚོམས་ཆེན་ཁང་གསུམ་དང་། རིག་དངོས་ཉམས་གསོ་བྱེད་རྩལ་ངོམས་སྟོན། རིག་དངོས་བཀྲམས་སྟོན་རྩ་ཆེན་བཅས་ལ་གཟིགས་སྐོར་གནང་བ་མ་ཟད། པེ་ཅིང་གི་ཟློས་གར་གཟིགས་མོའང་གནང་བ་རེད།
        སྟོན་ཀའི་དུས་མཚམས་སུ། གོང་མའི་ཕོ་བྲང་དམར་མདངས་དང་སེར་མདངས་རྒྱས། ཞི་ཅིན་ཕིང་དང་ལྕམ་ཕེང་ལེ་ཡོན་རྣམ་གཉིས་ཀྱིས་གོང་མའི་ཕོ་བྲང་པའོ་ཡུན་ཚོམས་ཁང་དུ་ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་དང་ལྕམ་མེ་ལཱ་ཅི་ཡཱ་རྣམ་གཉིས་ལ་བསུ་བ་ཞུས། རྒྱལ་ཁབ་གཉིས་པོའི་དབུ་གཙོ་དང་སྟེང་ཞལ་འཚམས་འདྲི་གནང་རེས་དང་། མཛའ་བརྩེའི་བཀའ་མོལ་གནང་བཞིན་པར་ལྷན་དུ་པའོ་ཡུན་ཚོམས་ཁང་དུ་སྐུ་བཞུགས་གནང་ནས་གསོལ་ཇ་གསོལ་ཞིང་བཀའ་མོལ་གནང་།
        པའོ་ཡུན་ཚོམས་ཁང་ལ་དྲི་བསུང་ཁང་ཞེས་འབོད་ཅིང་། སྙན་པའི་དབྱངས་དང་། མཁས་དབང་འདུས་ཡུལ་ཡིན། ཞི་ཅིན་ཕིང་གིས་ཐེ་རོམ་ཕུ་ཨ་   རིའི་ཙུང་ཐུང་དུ་བདམས་ཐོན་བྱུང་སྟེ་ལོ་1འདས་ཁར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པར་སྤྲོ་བ་ཆེན་པོས་བསུ་བ་ཞུས་པ་དང་། ཐེ་རོམ་ཕུ་ཁྱིམ་མི་ལྷན་རྒྱས་ཀྱིས་ད་ལོའི་ཟླ་4པར་ཧའེ་ཧུའུ་གཞིས་ཁང་དུ་སྤྲོ་བ་ཆེན་པོས་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཐེ་རོམ་ཕུ་སྟེང་ཞལ་ཀྲུང་གོར་འཚམས་འདྲི་གནང་རིང་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད། 
        ཞི་ཅིན་ཕིང་གིས། ཙུང་ཐུང་ཐེ་རོམ་ཕུ་ད་རེས་ཀྲུང་གོར་འཚམས་འདྲིར་ཕེབས་པར་དོན་སྙིང་ཆེན་པོ་ལྡན་ཞིང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་མཐོང་ཧ་ཅང་ཆེན་པོ་བྱེད་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གིས་ཀྱང་དོ་སྣང་ཆེན་པོ་བྱེད་པ་རེད། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པས། ད་རེས་ཀྱི་འཚམས་འདྲིར་དགེ་མཚན་ཆེ་ལ་གྲུབ་འབྲས་གལ་ཆེན་ཐོབ་ངེས་ཡིན་པའི་ནན་གསུང་གནང་བ་རེད། ཞི་ཅིན་ཕིང་གིས་དྲི་ལན་གྱི་ཚུལ་དུ་ཐེ་རོམ་ཕུ་ལ་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་དང་མཇུག་བསྒྲིལ་མ་ཐག་པའི་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པའི་གྲུབ་འབྲས་གལ་ཆེན་ངོ་སྤྲོད་གནང་བ་རེད། 
        ཐེ་རོམ་ཕུས་ཀྲུང་གོ་ཕྱོགས་ནས་ཁོང་ཉིད་ཀྱི་ད་རེས་ཀྱི་འཚམས་འདྲི་བཀོད་སྒྲིག་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་ཐུགས་གྲ་ལེགས་འགྲིག་ཐོག་ནས་མཇུག་བསྒྲིལ་བ་དང་ཞི་ཅིན་ཕིང་ཡང་བསྐྱར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པར་བསྔགས་བརྗོད་གནང་བ་དང་། ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཞུ་བར་ལམ་ལྷོང་ཡོང་རེ་གནང་བ་རེད། 
        ཞི་ཅིན་ཕིང་གིས། ཐེ་རོམ་ཕུ་ལ་གོང་མའི་ཕོ་བྲང་གི་ལོ་རྒྱུས་ངོ་སྤྲོད་གནང་ཞིང་། གོང་མའི་ཕོ་བྲང་ནི་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ཆ་རྒྱུས་ལེན་པར་མེད་དུ་མི་རུང་བའི་སྒེའུ་ཁུང་ལྟ་བུ་ཡིན་ལུགས་བསྟན་པ་རེད། དེ་རྗེས་ཞི་ཅིན་ཕིང་སྟེང་ཞལ་གྱིས་ཐེ་རོམ་ཕུ་སྟེང་ཞལ་ལ་ཕེབས་རོགས་ཞུས་ཏེ་ཕོ་བྲང་གི་མདུན་དངོས་ཚོམས་ཁང་གསུམ་ལ་གཟིགས་སྐོར་གནང་བ་རེད། རྒྱལ་ཁབ་གཉིས་པོའི་དབུ་གཙོ་སྟེང་ཞལ་གྱིས་ཅིན་ཧྲུའེ་ཟམ་ཆེན་སྦུག་མ་ནས་ཞི་བདེ་སྒོ་མོ་ཆེ་ལས་བགྲོད་དེ། བརྗིད་ཉམས་ཆེ་བའི་ཞི་བདེ་ཚོམས་ཁང་མདུན་གྱི་ཐང་ཆེན་དུ་སྐུ་པར་མཉམ་སྒྲོན་གནང་བ་རེད། རྒྱལ་ཁབ་གཉིས་ཀྱི་དབུ་གཙོ་སྟེང་ཞལ་རྣམ་པས་གོང་མའི་ཕོ་བྲང་གི་དཀྱིལ་ལམ་བརྒྱུད་དེ་རིམ་པར་ཞི་བདེ་ཚོམས་ཁང་དང་། བདེ་སྙོམས་ཚོམས་ཁང་། གཏན་བདེ་ཚོམས་ཁང་བཅས་ལ་གཟིགས་སྐོར་གནང་སྟེ་ཚོམས་ཆེན་ཁང་གསུམ་གྱི་རྒྱ་ཡིག་གི་མིང་བྱང་ཁྲོད་ཀྱི"བདེ་བའི"གོ་དོན་གྱི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཉམས་སུ་བསྟར་བ་རེད། ཐེ་རོམ་ཕུ་མཆོག་གོང་མའི་ཕོ་བྲང་གི་བརྗིད་ཉམས་ལ་ཧང་སངས་ཏེ། ཀྲོང་ངེར་ལངས་ཏེ་ཡང་ནས་ཡང་དུ་གཟིགས་ཤིང་། རྫ་གཡམ་དང་། བརྐོས་རིས་སོགས་པར་ཉམས་ཞིབ་གནང་ལ། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གོ་དོན་ཟབ་མོ་དང་། ནང་དོན་ཕུན་སུམ་ཚོགས་པོར་དེ་བས་ཀྱང་བསྔགས་བརྗོད་གནང་། 
         མདུན་ངོས་ཚོམས་ཆེན་ཁང་གསུམ་ལ་གཟིགས་སྐོར་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་དབུ་གཙོ་དང་སྟེང་ཞལ་རྣམ་པ་ཕོ་བྲང་གི་རིག་དངོས་སྨན་ཁང་དུ་ཕེབས་ཏེ། སྔ་རྗེས་སུ་ཆུ་ཚོད་འཁོར་ལོ་དང་། ཤིང་ཆས། ལྕགས་ཆས། རྫ་ཆས། འཁལ་འཐག་ཐོན་རྫས། ཡིག་རིས་སོགས་པའི་རིག་དངོས་ཉམས་གསོ་བྱེད་རྩལ་ངོམས་སྟོན་ལ་གཟིགས་པ་དང་། ཡིག་རིས་ཉམས་གསོ་བྱེད་ཚུལ་ཉམས་སུ་བསྟར་བ་མ་ཟད། ལྷན་དུ་རིག་དངོས་རྩ་ཆེན་འགྲེམ་སྟོན་ལའང་གཟིགས་ཞིབ་གནང་། རྒྱལ་ཁབ་གཉིས་པོའི་དབུ་གཙོས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་རིག་དངོས་ཉམས་གསོའི་ཐད་ཀྱི་མཉམ་ལས་ཁྱབ་ཆེ་དང་གཏིང་ཟབ་བྱེད་ཚུལ་ལ་གདེང་འཇོག་ཧུར་ཐག་གནང་བ་རེད། 
        མི་ཡི་རིགས་ཀྱིས་འབད་པའི་མཐའ་འབྲས་ནི། ཕྱི་དྲོའི་ཉི་འོད་དང་ནི་མཚོན་གློག་བཞིན། རྒྱལ་ཁབ་གཉིས་པོའི་དབུ་གཙོ་སྟེང་ཞལ་རྣམ་པ་སྙན་དབྱངས་བ་གམ་དུ་ཕེབས་ཤིང་། བགྲོད་ལམ་དུ་གུ་གུ་ཤ་དང་དེའི་བཟོ་རྩལ་ཉམས་སུ་བསྟར་བ་དང་།“ཚོན་རིས་རྐོས་”ནས་བསྟན་རེས་གནང་ཞིང་། པེ་ཅིན་ཟློས་གར་《དཔྱིད་ཀའི་སོན་འདེབས་》དང་《སྤྲེལ་རྒྱལ།》 《བཙུན་མོ་ཡང་འོག་སྐུ་ར་སྤིར་བ་》སོགས་ལེ་ཚན་གསུམ་ཡང་ལྷན་གཟིགས་མཛད་ཅིང་། གཟིགས་མོ་བ་སྐུ་མགྲོན་ཚོའི་ཐལ་མོ་རྡབ་སྒྲ་དང་དགའ་འབོད་ཀྱི་སྒྲ་ཡིས་ཡོངས་སུ་ཁེངས།
         གཟིགས་སྐོར་དང་སྤེལ་རེས་གནང་རིང་། རྒྱལ་ཁབ་གཉིས་པོའི་དབུ་གཙོས་རྒྱལ་སྲིད་སྐྱོང་ལུགས་དང་ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བའི་སྐོར་ཐུན་མོང་དུ་དོ་ཁུར་གནང་བྱའི་དོན་ལ་ཐུགས་སྣང་བརྗེ་རེས་གནང་།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཏིན་ཞུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲེ་སོགས་གོང་གསལ་བྱེད་སྒོར་ཞུགས།