མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།2020ལོར་སླེབས་སྐབས་རང་རྒྱལ་གྱིས་གྲོང་གསེབ་ཀྱི་གཉིས་གཏོད་ཤེས་ལྡན་པ་མི་ཐེངས་
ཁྲི་1000སྐྱེད་སྲིང་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་13ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་11ཉིན། གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་ཀྱི་བྱེད་པོ་ཡིན་པའི་ཞིང་པ་གསར་པས་གལ་ཆེའི་ནུས་པ་རིམ་བཞིན་འདོན་གྱི་ཡོད། 2020ལོར་སླེབས་སྐབས་རང་རྒྱལ་གྱིས་གྲོང་གསེབ་ཀྱི་གཉིས་གཏོད་ཤེས་ལྡན་པ་མི་ཐེངས་ཁྲི་1000སྐྱེད་སྲིང་བྱ་རྒྱུ་རེད།
         འདི་ནི་གསར་འགོད་པར་ཚེས་11ཉིན་སུའུ་ཀྲོའུ་རུ་འཚོགས་པའི་ཀྲུང་གོའི་གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་ཀྱི་གླེང་སྟེགས་སྐབས་དང་པོའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད། ཞིང་ལས་པུའི་པུའུ་ཀྲང་ཧན་ཀྲང་ཧྥུ་ཡིས་དེང་སྐབས་གྲོང་གསེབ་ཀྱི་ལས་གཏོད་གསར་གཏོད་ཀྱི་འཕེལ་ཕྱོགས་ཤུགས་ཆེ་བ་དང་ཚ་རླབས་གསར་པ་ཞིག་འཕྱུར་བཞིན་ཡོད། ཕ་ཡུལ་དུ་ལོག་པ་དང་གཤམ་དུ་བསྐྱོད་པའི་རིགས་འདྲ་མིན་གྱི་གཉིས་གཏོད་མི་སྣ་ཁྲི་700ཟིན་ནས་ཁྱད་ལྡན་འདེབས་གསོ་དང་། ལས་སྣོན་འཁོར་རྒྱུག སོས་དལ་ཡུལ་སྐོར། ཆ་འཕྲིན་ཞབས་ཞུ། དྲ་ཐོག་ཚོང་དོན་སོགས་ཁྱབ་ཁོངས་མང་པོ་ཞིག་ཏུ་ཁྱབ་ཡོད། བརྒྱུད་རིམ་དེའི་ནང་50%ཡན་གྱིས་ལས་གཏོད་གསར་གཏོད་ཀྱི་བྱེད་པོས་དྲ་སྦྲེལ་སོགས་ཀྱི་དེང་རབས་ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།