མི་དམངས་དྲ་བ།

༄༅།།བོད་ལྗོངས་ཀྱི་ས་གནས་ཁག་ཏུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་
དང་དྲིལ་བསྒྲགས་ཀྱི་མཐོ་རླབས་འཕྱུར་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་14ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།བོད་ལྗོངས་ཀྱི་ས་གནས་ཁག་ཏུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་
དང་དྲིལ་བསྒྲགས་ཀྱི་མཐོ་རླབས་འཕྱུར་བ།

     མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་མཐོ་རླབས་འཕྱུར་བཞིན་ཡོད། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གི་རྫ་ཡུལ་སྨད་གྲོང་རྡལ་ཤག་གཉིས་གྲོང་ཚོའི་ཧྲུའུ་ཅི་དང་པོས་གྲོང་ཚོར་བཅའ་སྡོད་བྱས་པའི་ལས་བྱེད་པ་དང་མཉམ་དུ་ཞིང་ཁ་དང་མུ་ཁར་གཅིག་སྡུད་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ་རེད། ལས་བྱེད་པ་དང་གྲོང་མི་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། འབད་བརྩོན་ཆེན་པོས་རང་གི་ལག་པ་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་གྲོང་ཚོ་དང་འབྱོར་འབྲིང་གི་གྲོང་ཚོ་བསྐྲུན་རྒྱུ་ཡིན་ལུགས་བསྟན་པ་རེད།