མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་གི་ཚོགས་ཆེན་19པའི་རྗེས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་ཐེངས་ཐོག་མའི་ཟིན་ཐོ་ཧྲིལ་པོ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་14ཉིན། 16:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཏང་གི་ཚོགས་ཆེན་19པའི་རྗེས་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་ཐེངས་ཐོག་མའི་ཟིན་ཐོ་ཧྲིལ་པོ།

         སྒྲིག་པ་པོའི་གཏམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁྱབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་11ཚེས་10ཉིན་ནས་ཚེས་11ཉིན་བར་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཤན་ཀང་དུ་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་(APEC)ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་ལྔ་པར་ཞུགས་པ་མ་ཟད། ཟླ་11ཚེས་12ཉིན་ནས་ཚེས་14ཉིན་བར། ཝེ་ཐེ་ནམ་རྒྱལ་ཁབ་དང་། ལོ་སི་རྒྱལ་ཁབ་གཉིས་ལ་རྒྱལ་དོན་འཚམས་འདྲི་གནང་བ་རེད། འདི་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་མཇུག་སྒྲིལ་རྗེས། ཀྲུང་གོའི་འགོ་ཁྲིད་པས་རྒྱལ་སྤྱིའི་སྣེ་མང་གྲོས་ཚོགས་ལ་ཞུགས་ཐེངས་ཐོག་མ་ཡིན་ཞིང་འཚམས་འདྲི་གནང་བར་ཕེབས་པ་ཡིན་པས། དོན་སྙིང་གལ་ཆེན་ལྡན་པ་རེད། དེར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་གནང་ཡོད་པ་རེད། རྩོམ་སྒྲིག་པ་ཡིས་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཉེ་ཆར་ཕྱག་ལས་ཀྱི་ལམ་ཐིག་ལེགས་སྒྲིག་བྱས་ཏེ་རྒྱ་ཆེའི་ཀློག་པ་པོ་ཚོར་བལྟ་བདེ་ཡོང་བར་བྱས་ཡོད།
        དུས་ཚོད། ཟླ་11ཚེས་10ཉིན། 
       ཟླ་11ཚེས་10ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཝེ་ཐེ་ནམ་གྱི་ཤན་ཀང་དུ་ཕེབས་འབྱོར་ཟིན་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་ལྔ་པར་ཞུགས་པ་དང་སྦྲགས། ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་ཡང་གནང་བ་རེད།
      ཞི་ཅིན་ཕིང་གིས་གནམ་གྲུ་འབབ་ཐང་དུ་ཡིག་ཐོག་གསུང་བཤད་གནང་ནས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་། ཀྲུང་གོའི་མི་དམངས་བཅས་ཀྱི་ཚབ་ཞུས་ཏེ་སྤུན་ཟླ་ཝེ་ཐེ་ནམ་གུང་ཁྲན་ཏང་དང་། ཝེ་ཐེ་ནམ་སྲིད་གཞུང་། ཝེ་ཐེ་ནམ་མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།

【1】  【2】  【3】

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུ་གནང་བ་ལྟར་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཤན་ཀང་གྲོང་ཁྱེར་དུ་འཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ། བརྗོད་དོན་དུ་《འཛམ་གླིང་དཔལ་འབྱོར་བཅོས་བསྒྱུར་གྱི་གོ་སྐབས་དམ་འཛིན་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་ལ་འཕེལ་རྒྱས་སྔར་ལས་ཆེ་བའི་བར་སྟོང་བརྩོན་ལེན་བྱ་དགོས་》ཞེས་པའི་རྡོག་ཚིག་གཏམ་བཤད་གནང་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཝེ་ཐེ་ནམ་གྱི་གྲོང་ཁྱེར་ཤན་ཀང་དུ་འཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པ་དང་ཨེ་ཤེ་ཡ་ལྷོ་མའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གླེང་མོལ་ཚོགས་འདུ་ལ་ཞུགས་གནང་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གྱི་གྲོང་ཁྱེར་ཤན་ཀང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གྱི་གྲོང་ཁྱེར་ཤན་ཀང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་འཛོམས་གནང་བ།