མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་པེ་ཅིང་དུ་ཕྱིར་ལོག་ཕེབས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་16ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་14ཉིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་ལྔ་པར་ཞུགས་པ་དང་ཝེ་ཐེ་ནམ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་དང་ལོ་སི་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་དུ་ཕྱིར་ལོག་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་བཅས་ཡིན་པའི་ཏིང་ཤོའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ལིའུ་ཧོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་དོན་ཨུ་ཡོན་དབྱང་ཅེ་ཁྲེ་སོགས་ལྷན་དུ་པེ་ཅིང་དུ་འབྱོར་བ་རེད།
         ཡུལ་དེའི་དུས་ཚོད་ཚེས་14ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་ལོ་སིའི་གྲོང་ཁྱེར་ཝན་ཐེན་ནས་ཐོན་ཏེ་མེས་རྒྱལ་དུ་ཕྱིར་ལོག་གནང་ཞིང་། གནམ་ཐང་དུ་ཕེབས་པའི་ལམ་བར་དུ་ལོ་སིའི་གཞོན་ནུ་ལོ་ཆུང་ཚོས་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ནས་གུས་པར་འོས་པའི་སྐུ་མགྲོན་ལ་ཕེབས་སྐྱེལ་ཞུས། གནམ་ཐང་དུ་མཛད་སྒོ་གཟབ་རྒྱས་གཉེར་བ་དང་མི་རིགས་ཀྱི་གྱོན་ཆས་གྱོན་པའི་ཡུལ་དེའི་གཞོན་ནུ་ཚོས་ལམ་གཡས་གཡོན་དུ་ལངས་ནས་ཕེབས་སྐྱེལ་ཞུ་བ་དང་གུས་དམག་ཚོ་ས་གདན་དམར་པོའི་གཞོགས་གཉིས་སུ་རུ་སྟར་སྒྲིག་ཡོད། ལོ་སི་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་རྒྱུན་ལས་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཕན་ཁེན་དང་། ལོ་སི་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཝན་ཐེན་གྲོང་ཁྱེར་གྱི་གྲོང་ཨུད་ཧྲུའུ་ཅི་དང་ཧྲེ་ཀྲང་གཅིག་ལྕོགས་ཡིན་པའི་ཤིན་ལ་ཧྥེང་། ལོ་སི་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཙུང་ལི་གཞོན་པ་སུང་སའེ་སོགས་གནམ་ཐང་དུ་ཕེབས་སྐྱེལ་ཞུ་བར་བཅར་ཡོད། ཞི་ཅིན་ཕིང་གིས་ཁོང་ཚོ་རེ་རེ་བཞིན་དང་ཕྱག་བཏང་གནང་བ་དང་བྱམས་བརྩེའི་ངང་ཞལ་གྱེས་བཀའ་མོལ་གནང་བ་དང་། ཞི་ཅིན་ཕིང་གནམ་གྲུར་འཛེགས་རྗེས་ཕེབས་སྐྱེལ་ཞུ་མཁན་ཚོར་ཕྱག་གཡུག་གཡུག་གནང་བར་དགའ་འབོད་ཀྱི་སྐད་སྒྲ་ཡུན་རིང་གྲགས་པ་རེད།