མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་དང་ཞལ་པར་ཐོག་བཀའ་
མོལ་གནང་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་18ཉིན། 12:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་དང་ཞལ་པར་ཐོག་བཀའ་མོལ་གནང་བ་རེད།
       ས་ལེ་མན་གྱིས་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་བ་དང་ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུའི་ནན་བཤད་བྱས་ཡོད། ས་ལེ་མན་གྱིས་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུན་མོང་སྣེ་ཁྲིད་འོག་སོ་ཏི་ཨ་རབ་དང་ཀྲུང་གོའི་དབར་གྱི་འབྲེལ་བར་གོང་འཕེལ་ཆེན་པོ་བྱུང་ཡོད། སོ་ཏི་ཨ་རབ་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་ཀྲུང་གོའི་དབར་གྱི་རིམ་པ་མཐོ་བའི་མཉམ་འབྲེལ་ཨུ་ལྷན་གྱིས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་སྐུལ་མ་གཏིང་ཟབ་གཏོང་བ་བརྒྱུད་སོ་ཏི་ཨ་རབ་ཀྱི“2030ཕུགས་འདུན”དང་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་སྦྲེལ་མཐུད་ཡོང་བ་བྱས་ནས་ནུས་རྒྱུ་དང་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། སོ་ཏི་ཨ་རབ་འདི་ཉིད་མཚོ་ཁུག་ས་ཁུལ་གྱི་ཀྲུང་གོའི་རོགས་ཟླ་གལ་ཆེན་ཞིག་ཏུ་གྱུར་ནས་སོ་ཏི་ཨ་རབ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་གཏིང་ཟབ་ཏུ་གཏོང་འདོད་ཡོད་པ་ནི་ང་ཚོ་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་འཚམ་པ་མ་ཟད་འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལའང་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།
          ཞི་ཅིན་ཕིང་གིས་ས་ལེ་མན་གྱིས་ཁ་པར་བཏང་ནས་བཀྲ་ཤིས་བདེ་ལེགས་ཞུས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཞི་ཅིན་ཕིང་གིས་ཟླ་བ་གོང་མར་གྲོལ་བའི་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོ་འཕེལ་རྒྱས་ཡོང་བར་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད། ཚོགས་འདུའི་ཐོག་ཀྲུང་གོ་འཕེལ་རྒྱས་ཀྱི་མཛུབ་ཁྲིད་དགོངས་པ་གཏན་འཁེལ་བྱས་པ་དང་ཀྲུང་གོ་དེང་རབས་ཅན་དུ་བསྐྲུན་རྒྱུར་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཡོད། ང་ཚོར་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བླ་ན་མ་མཆིས་པའི་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
       ཞི་ཅིན་ཕིང་གིས་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་གཙོ་བདག་དབར་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱ་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན། ཀྲུང་གོ་དང་སོ་ཏི་ཨ་རབ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པ་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་དང་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གོང་འཕེལ་འགྲོ་བཞིན་ཡོད། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་ཡང་ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་འཐབ་ཇུས་མཉམ་ལས་གཏིང་ཟབ་བྱ་རྒྱུའི་ཆོད་སེམས་ལ་འགྱུར་ལྡོག་གཏོང་མི་སྲིད། སོ་ཏི་ཨ་རབ་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོང་དང་སྔར་བས་འཕེལ་རྒྱས་ཆེན་པོ་ཡོང་བའི་ཐད་འབད་བརྩོན་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ“2030ཕུགས་འདུན”གྱི་འཐབ་ཇུས་དང་སྦྲེལ་མཐུད་ཡོང་བར་སྐུལ་མ་བརྟན་པོ་བཏང་ནས་རྒྱལ་ཁབ་གཉིས་པོའི་རིམ་པ་མཐོ་བའི་མཉམ་འབྲེལ་ཨུ་ལྷན་གྱི་ལམ་སྲོལ་བརྒྱུད་ཁྱབ་ཁོངས་ཁག་གི་མཉམ་ལས་དོན་འཁྱོལ་ཡག་པོ་བྱས་ཏེ་ཀྲུང་གོ་དང་སོ་ཏི་ཨ་རབ་དབར་གྱི་འབྲེལ་བར་བརྟེན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་ས་ཁུལ་དང་དེ་བཞིན་རྒྱལ་ཁབ་གཞན་གྱི་མི་དམངས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།