མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།གསར་བརྗེའི་གླུ་གཞས་བཏང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་
འགྲེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།གསར་བརྗེའི་གླུ་གཞས་བཏང་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་
འགྲེལ་བྱས་པ།

         མི་དམངས་དྲ་བའི་འཕྲིན། ཉིན་ཤས་རིང་ཧོ་པེ་ཧན་ཏན་གྲོང་ཁྱེར་དུ་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བ་དང་། སྒྲོག་འགྲེལ་ཚོགས་པ་ཁེ་ལས་དང་། གྲོང་གསེབ། ལས་ཁུངས། སློབ་གྲྭ སྡེ་ཁུལ། དམག་སྒར། དྲ་ཚུགས་བཅས་སུ་བསྐྱོད་པ་རེད། གྲོང་ཁྱེར་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་དང་། གྲོང་ཁྱེར་གསར་འགྱུར་དཔེ་སྐྲུན་ཅུས། རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། གྲོང་ཁྱེར་རིག་རྩལ་ལྷན་ཚོགས་སོགས་སྡེ་ཚན་གྱིས་མཉམ་དུ་སྒྲིག་འཛུགས་བྱས་པའི“དུས་རབས་གསར་པའི་གསར་བརྗེའི་གླུ་གཞས་འགྲན་བསྡུར”རིག་རྩལ་ཡན་ལག་རུ་ཁག་གིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་དང་། ལག་བསྟར། དོན་འཁྱོལ་བཅས་བྱེད་པའི་གཞི་རིམ་གྱི་སྒྲོག་འགྲེལ་ལ་ས་ཆ་དེ་གའི་མང་ཚོགས་ཀྱི་དགའ་བསུ་ཐོབ་ཅིང་། འདི་ནི་ཟླ་11ཚེས་18ཉིན་རིག་རྩལ་ཡན་ལག་རུ་ཁག་གིས་ཀན་ཁྲུན་སློབ་འབྲིང་གི་སློབ་མར་འཁྲབ་སྟོན་དང་སྒྲོག་འགྲེལ་བྱེད་པའི་གནས་ཚུལ་ཡིན་པ།