མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པས་རྒྱ་གར་གྱི་འགོ་ཁྲིད་པས་རྩོད་གཞི་ཡོད་པའི་ས་ཁུལ་དུ་བྱེད་སྒོ་
སྤེལ་བར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་21ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པས་རྒྱ་གར་གྱི་འགོ་ཁྲིད་པས་རྩོད་གཞི་ཡོད་པའི་ས་ཁུལ་དུ་བྱེད་སྒོ་
སྤེལ་བར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་བརྗོད་པ།

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན། ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པ་ལུའུ་ཁང་གིས། རྒྱ་གར་གྱི་འགོ་ཁྲིད་པས་རྩོད་གཞི་ཡོད་པའི་ས་ཁུལ་དུ་ཕྱིན་ནས་བྱེད་སྒོ་སྤེལ་བར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་བཞིན་ཡོད་པས། རྒྱ་གར་ཕྱོགས་ཀྱིས་མཐའ་མཚམས་ཀྱི་འབྲེལ་བའི་ཆེ་ཕྱོགས་སྲུང་སྐྱོང་བྱེད་པ་ལས། མཐའ་མཚམས་ཀྱི་གནད་དོན་རྙོག་དྲ་ཅན་དུ་བསྒྱུར་བའི་བྱ་སྤྱོད་མ་སྤེལ་ཞིག་ཅེས་བརྗོད་པ་རེད།
         གསར་འགོད་པ་ཞིག་གིས། རྒྱ་གར་གྱི་སྨྱན་སྦྱོར་དུ་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། རྒྱ་གར་གྱི་སྲིད་འཛིན་ཁའོ་ཝུན་ཏེ་ཟླ་11ཚེས་19ཉིན"ཨ་ལུ་ནཱ་ཆར་མངའ་སྡེ"རུ་ཕྱིན་པའི་གནས་ཚུལ་འདུག་ལ། དེའི་སྐོར་ཀྲུང་གོ་ཕྱོགས་ལ་དཔྱད་མོལ་གང་ཞིག་ཡོད་དམ་ཞེས་པའི་དྲི་བ་བཏོན་པ་རེད།
         ལུའུ་ཁང་གིས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་ཀྱི་གནད་དོན་ཐད་ཀྱི་ལངས་ཕྱོགས་ནི་སྔར་ནས་ཁ་གསལ་ཡིན། ཀྲུང་གོའི་སྲིད་གཞུང་གིས་ནམ་ཡང"ཨ་ལུ་ནཱ་ཆར་མངའ་སྡེ"ཁས་ལེན་བྱས་མེད། ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་ཀྱིས་ཁ་བརྡ་གྲོས་མོལ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་ལ། ཆེས་དྲང་གཞག་ལུགས་མཐུན་དང་ཕྱོགས་གཉིས་ཀས་དང་ལེན་ཐུབ་པའི་ཐག་གཅོད་འཆར་གཞི་འཚོལ་ཞིབ་བྱེད་བཞིན་ཡོད། མཐའ་མཚམས་ཀྱི་གནད་དོན་ཐག་གཅོད་མ་བྱས་པའི་སྔོན་ལ། ཕྱོགས་གཉིས་ཀས་ཐུན་མོང་ཐོག་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་གྱི་འགོ་ཁྲིད་པ་རྩོད་གཞི་ཡོད་པའི་ས་ཁུལ་དུ་ཕྱིན་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ད་ལྟའི་ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བ་ནི་འཕེལ་རྒྱས་ཀྱི་གནད་འགག་དུས་ལ་གནས་ཡོད། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐུན་པར་བྱ་རྒྱུ་དང་། ཕྱོགས་གཉིས་ཀྱི་འབྲེལ་བའི་ཆེ་ཕྱོགས་སྲུང་སྐྱོང་བྱས་ཏེ་མཐའ་མཚམས་ཀྱི་གནད་དོན་རྙོག་དྲ་ཅན་དུ་བསྒྱུར་བའི་བྱ་སྤྱོད་མ་སྤེལ་བར་མཐའ་མཚམས་གྲོས་མོལ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཉེན་མེད་བརྟན་ལྷིང་དུ་འཕེལ་རྒྱས་འགྲོ་བའི་གོ་སྐབས་ལེགས་པོ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

༄༅།།ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པས་རྒྱ་གར་གྱི་འགོ་ཁྲིད་པས་རྩོད་གཞི་ཡོད་པའི་ས་ཁུལ་དུ་བྱེད་སྒོ་
སྤེལ་བར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་བརྗོད་པ།