མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།པར་རིས་གཏམ་རྒྱུད། མཛའ་བརྩེ་ལྡན་ལ་བདེན་དོན་སྐྱོང་བའི་ཞི་ཅིན་ཕིང་།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་23ཉིན། 16:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

ཞི་ཅིན་ཕིང་གིས་ཝན་ཐེན་དུ་པུན་ཧྲེ་ནའི་ཁྱིམ་རྒྱུད་ཀྱི་མཛའ་གྲོགས་མི་སྣར་མཇལ་བ།

ཞི་ཅིན་ཕིང་གིས་ཝན་ཐེན་དུ་པུན་ཧྲེ་ནའི་ཁྱིམ་རྒྱུད་ཀྱི་མཛའ་གྲོགས་མི་སྣར་མཇལ་བ།

        【སློབ་སྦྱོང་བྱེད་བཞིན་པ།】 ཀྲུང་ནན་ཧའེ་དང་མང་ཚོགས་དཀྱུས་མ་སྦྲེལ་ཞིང་། ཀྲུང་གོ་དང་འཛམ་གླིང་གི་བར་ཐག་ཉེ་རུ་གཏོང་བ།——ཞི་ཅིན་ཕིང་གི་མཛའ་བརྩེ་དང་བདེན་དོན་གཏིང་ཟབ་ལ་རྒྱ་ཆེ། ཤིན་ཧྭ་གསར་འགྱུར་ཁང་གི་《སློབ་སྦྱོང་བྱེད་བཞིན་པ་》ཞེས་པས་ཉེ་བའི་ལོ་ཤས་རིང་གི་ཞི་ཅིན་ཕིང་གི་མཛད་སྒོའི་འདྲ་པར་བདམས་བཀོད་བྱས་ཏེ་སྐུ་ཉིད་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མཛའ་བརྩེ་དང་བདེན་དོན་ལ་རྒྱལ་ཁོངས་མེད་པའི་སྐོར་ཉམས་སུ་མྱོང་བར་བྱེད།
        ཞི་ཅིན་ཕིང་ནི་མཛའ་བརྩེ་ལྡན་ལ་བདེན་དོན་སྐྱོང་། ཁོང་གིས་གྲོགས་པོ་མང་པོ་ཞིག་བསྒྲིགས་ཡོད་ལ། ལོ་ཟླ་མང་པོ་སོང་ཡང་། ཁོང་གིས་གྲོགས་པོ་རྙིང་བ་བརྗེད་ཀྱི་མེད། གལ་ཏེ་དུས་ཚོད་དང་གོ་སྐབས་ཤིག་ཡོད་དུས། ཁོང་ཉིད་རང་གི་གྲོགས་པོ་རྙིང་པ་ཚོར་འཚམས་འདྲི་གནང་བར་ཕེབས་པ་དང་། དུས་ཚོད་ཇི་འདྲ་ཞིག་སོང་ཡང་། ཁོང་ཚོར་འབྲེལ་བ་བྱ་རྒྱུར་འབད་པ་བྱེད་པ་རེད།
        གང་ལྟར་ཀྱང་དུས་ཚོད་ཅིག་བཀོད་སྒྲིག་བྱས་ཏེ་ཁྱེད་རྣམ་པ་མཇལ་དགོས།
       2017ལོའི་ཟླ་11པར། ཞི་ཅིན་ཕིང་གིས་ལོ་སི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་ལ། འཚམས་འདྲི་གནང་སྐབས། ཁོང་གིས་སློབ་གྲོགས་རྙིང་བ་དང་གྲོགས་པོ་རྙིང་བ་འགར་མཇལ་འཛོམས་གནང་བ་རེད། ཞི་ཅིན་ཕིང་དང་ཁོང་ཚོའི་མཛའ་བརྩེ་ནི་དཔངས་མཐོ་བའི་རི་བོ་དང་ཡུན་རིང་བའི་དུས་རབས་ལས་བརྒལ་ཡོད་པ་རེད། ཁོང་ཚོ་ནི་1960ལོར་པེ་ཅིང་བརྒྱད་གཅིག་སློབ་གྲྭར་སློབ་གཉེར་དུ་ཡོང་བའི་ལོ་སི་རྒྱལ་ཁབ་ཀྱི་རྒྱལ་ཕྱིའི་སློབ་གཉེར་སློབ་མ་ཆུང་ཆུང་དག་ཡིན་ལ། དེའི་ཁྲོད་དུ་ལོ་སི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པ་དང་རྒྱལ་གཅེས་པ་ཀུའེ་ཉིང་·པུན་ཧྲེ་ནའི་ཁྱིམ་རྒྱུད་ཀྱི་བྱིས་པ་འགའ་ཡོད་པ་རེད།

【1】  【2】  【3】

དུས་རབས་20པའི་ལོ་རབས་60སྐབས། པུན་ཧྲེ་ནའི་ཁྱིམ་རྒྱུད་ཀྱི་བྱིས་པ་ཚོས་པེ་ཅིང་གི་སྤྱི་གླིང་ཞིག་ཏུ་མཉམ་པར་ལེན་པ།
དུས་རབས་20པའི་ལོ་རབས་60སྐབས། པུན་ཧྲེ་ནའི་ཁྱིམ་རྒྱུད་ཀྱི་བྱིས་པ་ཚོས་པེ་ཅིང་གི་སྤྱི་གླིང་ཞིག་ཏུ་མཉམ་པར་ལེན་པ།