མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།གཏན་འབེབས་དོན་ཚན་བརྒྱད་ཀྱིས་གུས་སྐྲག་གི་བསམ་བློ་སྐྱེ་བར་བྱས།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 15:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           ཟླ་བ་གོང་མར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་4353ཞིབ་བཤེར་ཐག་གཅོད་ཐུབ་པ་དང་། མི་6190ཐག་གཅོད་བྱས་པ། མི་4346ལ་ཏང་སྒྲིག་དང་སྲིད་སྒྲིག་གི་ཆད་པ་ཕོག་པ་རེད། གོང་གི་གནས་ཚུལ་དེ་དག་ལས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་པ་ཞིག་ཡིན་པའི་བརྡ་རྟགས་དྲག་པོ་ཞིག་བཏོན་པ་རེད།
          འདས་ཟིན་པའི་ལོ་ལྔའི་རིང་གཏན་འབེབས་དོན་ཚན་བརྒྱད་དེ་ཀྲུང་གོ་འགྱུར་ལྡོག་གཏོང་བའི་འགག་རྩའི་ཐ་སྙད་ཅིག་ཡིན་པ་དང་དེས་ཏང་སྲོལ་དང་སྲིད་སྲོལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དམངས་སྲོལ་དང་སྤྱི་ཚོགས་ཀྱི་གོམས་སྲོལ་ལ་འགྱུར་ལྡོག་གསར་པ་བྱུང་བ་མ་ཟད། ངོས་འཛིན་བཙན་ཐབས་དང་རྒྱུན་འཁྱོངས་ལྷོད་མེད་ཀྱི་ཐོག་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་གུས་སྐྲག་གི་བསམ་བློ་སྐྱེ་བར་བྱས་ཡོད། གནའ་གཏམ་དུ“གུས་སྐྲག་ཡོད་ན་བྱ་སྤྱོད་ཤུགས་ཀྱིས་འདྲོང་། གཏམ་ལ་ཚོད་འཛིན་སྤྱོད་པ་ཚུལ་ལྡན་ཡོང”ཞེས་པ་ལྟར་གཏན་འབེབས་དོན་ཚན་བརྒྱད་ཀྱིས“བཅད་ཁ”ཆུང་ཆུང་ཞིག་གི་ཐོག་ནས“འགྱུར་ལྡོག་ཆེན་པོར”སྐུལ་འདེད་གཏོང་བའི་རྒྱུ་མཚན་གནས་ས་དེ་ཡིན།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འགོ་ཁྲིད་ལས་བྱེད་པས་སེམས་ནང་གུས་སྐྲག་ཡོད་པ་ལས་སྟེས་དབང་གི་བསམ་བློ་འཁྱེར་མི་རུང”མི་དམངས་ལ་གུས་སྐྲག་དང་། རྩ་འཛུགས་ལ་གུས་སྐྲག བཅའ་ཁྲིམས་དང་སྒྲིག་ལམ་ལ་གུས་སྐྲག་བཅས་བྱས་ཚེ་ལམ་ལུགས་གཅུན་སྡོམ་གྱི“བྱེད་མི་ཕོད་པ”ནས་རང་འགུལ“བྱེད་མི་འདོད་པའི”བར་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དེ“ནད་འགོག་ཁྲག་ཤུགས”ཤིག་ཏུ་འགྱུར་ཏེ་ཏང་གི་གཟུགས་གཞི་བདེ་ཞིང་ཐང་ལ་ལང་ཚོ་རྒྱས་པ་ཞིག་ཡོང་རྒྱུར་སྲུང་སྐྱོང་བྱེད་པ་དང“སྲོལ་གསར་མ་ལག”ཏུ་འགྱུར་བ་བྱས་ནས་སྤྱི་ཚོགས་ཀྱི་གོམས་སྲོལ་དེ་བས་ཡག་པོ་ཡོང་རྒྱུའི་སྣེ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཧྲེང་ཡུས་ལེ་ཡིས།