མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུའི་
འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་དང་འབྲེལ་བཞེད་དོན་གཙོ་བོའི་
གཏམ་བཤད་ཀྱང་གནང་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་26ཉིན། 16:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་24ཉིན། ཀྲུང་གོ་གུང་ཁྲན་ཏང་ཕྱི་ཕྱོགས་འབྲེལ་གཏུག་པུས་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུ་འཚོགས་ནས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་གླེང་མོལ་ཚོགས་འདུ་ཟླ་11ཚེས་30ཉིན་ནས་ཟླ་12ཚེས་3ཉིན་བར་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཐོ་རིམ་གླེང་མོལ་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་རྒྱུ་ཡིན་པ་རེད།
         ཀྲུང་གོ་གུང་ཁྲན་ཏང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་གཞོན་པ་ཀུའོ་ཡེ་ཀྲོའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་ མཐོ་རིམ་གླེང་མོལ་ཚོགས་འདུའི་འབྲེལ་ཡོད་གནད་དོན་ངོ་སྤྲོད་གནང་བ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་ཡང་བསྐྱོན་ཞིང་། ཁོང་གིས་མཐོ་རིམ་གླེང་མོལ་ཚོགས་འདུ་འཚོག་རིང་། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གཞན་དག་འགོ་ཚུགས་མཛད་སྒོ་དང་། ཚང་འཛོམས་ཚོགས་འདུ། མཇུག་སྒྲིལ་མཛད་སྒོ་སོགས་བྱེད་སྒོ་གལ་ཆེན་ནང་ཞུགས་རྒྱུ་རེད། མཐོ་རིམ་གླེང་མོལ་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་ཐུན་མོང་ཐོག་བསྐྲུན་རྒྱུ་ནི་སྲིད་ཏང་གི་འགན་འཁྲི་ཡིན”ཞེས་པ་དེ་ཡིན། མིག་སྔའི་བར་རྒྱལ་ཁབ་120ལྷག་ཙམ་གྱི་སྲིད་ཏང་དང་ཆབ་སྲིད་རྩ་འཛུགས་ཀྱི་འགོ་ཁྲིད་200ལྷག་ཙམ་ཚོགས་འདུར་ཞུགས་རྒྱུའི་མིང་ཐོ་བཀོད་ཡོད་པ་རེད།