མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འབར་མའི་རྒྱལ་དོན་སྲིད་སྐྱོང་ལས་རོགས་ཨང་ཧྲན་སུའུ་ཅིར་མཇལ་འཕྲད་
གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་03ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་1ཉིན་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་དབར་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུར་ཞུགས་པར་ཕེབས་མཁན་འབར་མའི་རྒྱལ་དོན་སྲིད་སྐྱོང་ལས་རོགས་ཨང་ཧྲན་སུའུ་ཅིར་མཇལ་འཕྲད་གནང་བ་རེད།
         ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་འབར་མའི་དབར་གྱི་མཛའ་གྲོགས་བྱེད་ཕྱོགས་སྔར་རྒྱུན་བཞིན་ལག་བསྟར་བྱས་ནས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གཙིགས་ཆེན་བྱ་རྒྱུ་ཡིན། ང་ཚོས་འབར་མ་དང་མཉམ་དུ་ཀྲུང་འབར་འབྲེལ་བ་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ནས་ཕྱོགས་གཉིས་དབར་བྱུང་བའི་ཐུན་མོང་ངོས་འཛིན་ཁག་དོན་འཁྱོལ་ཡག་པོ་བྱས་པའི་ཁར་ཀྲུང་འབར་དཔལ་འབྱོར་ཁྱམས་རིང་འཛུགས་སྐྲུན་སོགས་མཉམ་ལས་འཕར་གཞི་གསར་པར་དཔྱད་བསྡུར་ཧུར་ཐག་བྱས་ནས་ཀྲུང་འབར་འབྲེལ་བ་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་བས་ཆེན་པོ་སྐྲུན་འདོད་ཡོད། ཀྲུང་འབར་རྒྱལ་ཁབ་གཉིས་ཀྱི་སྲིད་སྐྱོང་ཏང་གིས་འབྲེལ་འདྲིས་དམ་ཟབ་རྒྱུན་འཁྱོངས་བྱས་ཐོག་ཏང་དོ་དམ་དང་ཏང་སྐྱོང་བ་དང་རྒྱལ་སྲིད་སྐྱོང་བའི་ཉམས་མྱོང་སྤེལ་རེས་བྱེད་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་འབྲེལ་འདྲིས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་གཉིས་འབྲེལ་བའི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཀྲུང་འབར་དབར་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད།