མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གི་གསུང་རྩོམ་ཆེད་དོན་འགྲེམས་ཚོང་བྱེད་སྒོ་ཐའེ་པེར་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་03ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་1ཉིན། ཀྲེ་ཅང་དཔེ་སྐྲུན་མཉམ་འབྲེལ་ཚོགས་པ་དང་ཐའེ་དབན་ཐེན་ལུང་ཝུན་ཁྲོང་དཔེ་སྐྲུན་བྱ་གཞག་ཚད་ཡོད་ཀུང་སིས་མཉམ་དུ་གཉེར་བའི“ཞི་ཅིན་ཕིང་གི་གསུང་རྩོམ་ཐའེ་པེར་ཆེད་དོན་འགྲེམས་ཚོང་བྱེད་པའི”བྱེད་སྒོ་དེ་ཟླ་12ཚེས་1ཉིན་པོ་ཁུའུ་དེབ་གྲོང་ཐའེ་པེ་དེབ་ཁང་དུ་བྱེད་འགོ་ཚུགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གསར་ཤོས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་གཉིས་པ་ཐའེ་དབན་ཁྲོམ་རར་བཀྲམས་པ་རེད།
         ཞི་ཅིན་ཕིང་གིས་མཛད་པའི་《ཀྲི་ཅང་གསུང་གསར་》དང་། 《ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཡིག་ཆ་ཕྱོགས་བསྒྲིགས་》《ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་ཟུར་ཁྲིད་ཀློག་དེབ་》《ཀྲུང་གོའི་ཕུགས་འདུན་དང་ཀྲེ་ཅང་གི་ལག་ལེན་》སོགས་ཀྱི་ཟོར་ཡང་ཡིག་གཟུགས་པར་གཞི་ཡང་མཉམ་དུ་འགྲེམས་ཚོང་བྱས་པར་ཐའེ་དབན་དམངས་ཚོགས་ཀྱི་དོ་སྣང་ཆེན་པོ་ཐོབ་པ་རེད།
          “ལོ་གསུམ་གོང་དུ། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་དང་པོ་ཐའེ་དབན་དེབ་ཁང་དུ་ཧ་ཅང་བྲིན་པོ་བྱུང་བ་དང་། ད་རེས་ཀྱི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དེབ་གཉིས་པ་དང་《ཀྲི་ཅང་གསུང་གསར་》ཡང་བྲིན་པོ་འབྱུང་ངེས་རེད”ཅེས་ཐེན་ལུང་ཝུན་ཁྲོང་དཔེ་སྐྲུན་བྱ་གཞག་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་པོ་ཁུའུ་དེབ་གྲོང་ཐའེ་པེ་དེབ་ཁང་གི་སྤྱི་ཁྱབ་ཅིང་ལི་ཧྲེན་རུང་ཡུས་ཀྱིས་ཕྱིར་འཚོང་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་བརྗོད་པ་རེད།