མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཐོག་མཐའ་བར་གསུམ་དུ་དམངས་འཚོའི་རང་བྱུང་སོལ་རླངས་སྤྱོད་རྒྱུ་འགན་ལེན་བྱ་རྒྱུ་དེ་
ཨང་དང་པོར་འཇོག་དགོས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཉེ་ཆར། བྱང་ཕྱོགས་ཀྱི་ས་ཁུལ་ཁག་གཅིག་གི་རང་བྱུང་སོལ་རླངས་མཁོ་འདོན་འགན་ལེན་སོགས་ཀྱི་གནད་དོན་ལ་དམིགས་ནས། ཚེས་8ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཐོན་ཁུངས་མཁོ་སྤྲོད་ཀྱིས་བཟོ་ལས་དང་དམངས་འཚོའི་དགོས་མཁོའི་དུས་གཅིག་ཏུ་སྐོང་མི་ཐུབ་པའི་གནས་ཚུལ་འོག དམངས་འཚོའི་རང་བྱུང་སོལ་རླངས་སྤྱོད་རྒྱུར་འགན་ལེན་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་དགོས་ཞེས་བརྗོད།
          ཚེས་4ཉིན་གྱི་དགོང་མོར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཁོར་ཡུག་སྲུང་སྐྱོང་པུའུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་འཛུགས་སྐྲུན་པུའུ། རྒྱལ་ཁབ་ནུས་རྒྱུ་ཅུས་བཅས་དང་མཉམ་དུ་ཁེ་ལས་ཁག་གཅིག་དང་ས་གནས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བསྟུས་ནས་ཚོགས་འདུ་འཚོགས་ཏེ་ལྷགས་པའི་གནད་དོན་ཐབས་ཇུས་ཞིབ་འཇུག་དང་ལག་བསྟར་བཀོད་སྒྲིག་བྱས་པ་རེད། ཉིན་དེའི་དགོང་མོར་ཆུ་ཚོད་24རིང་གི་འཕྲལ་སྡོམ་སྡོད་བྱའི་ལམ་ལུགས་ལག་བསྟར་བྱས་པ་དང་སྦྲགས། འབྲེལ་ཡོད་སྡེ་ཚན་དང་ས་གནས་ཁག་གི་སྲིད་གཞུང་དང་དེ་བཞིན་རང་བྱུང་སོལ་རླངས་ཁེ་ལས་དང་མཉམ་འབྲེལ་ལྟ་སྐུལ་ཚོད་འཛིན་བཀོད་གཏོང་ལམ་སྲོལ་བཙུགས་པ་རེད། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཀུང་སི་དང་། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་པ་ཀུང་སི། ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་སྤྱི་ཁྱབ་ཀུང་སི་བཅས་ལ་བདེ་འཇགས་ཐོན་སྐྱེད་འགན་ལེན་བྱེད་པའི་གནས་ཚུལ་འོག་བྱེད་ཐབས་སྣ་མང་སྤྱད་དེ་ཐོན་སྐྱེད་དང་མཁོ་འདོན་བྱེད་ཚད་མང་དུ་གཏོང་བ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་ཐོན་ཁུངས་ཕན་ཚུན་འགན་ལེན་དང་ཕན་ཚུན་མཁོ་འདོན་བྱེད་དགོས་པ་དང་། ས་གནས་ཁག་གིས་ས་གནས་རང་གིས་མཁོ་འདོན་འགན་ལེན་གྱི་བྱེད་པོའི་འགན་འཁྲི་ཁུར་ནས་བཞག་ཟིན་པའི་《2017ལོ་འཁོར་གྱི་དམངས་འཚོའི་རང་བྱུང་སོལ་རླངས་སྤྱོད་པར་འགན་ལེན་བྱེད་པའི་འགན་འཁྲིའི་ཡི་གེ་》ཡི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། དམངས་འཚོ་འགན་ལེན་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་ཆབས་ཅིག ས་གནས་ཁག་གིས་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་ཞིབ་ཚགས་ཅན་གྱི་དགོས་མཁོ་ཕྱོགས་ཀྱི་དོ་དམ་ལག་བསྟར་བྱེད་པ་དང་། དུས་ཐོག་ཏུ་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ཏེ་མང་ཚོགས་ཚོས་དྲོ་སོབ་སོབ་ངང་དགུན་དུས་སྐྱེལ་ཐུབ་པ་བྱེད་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།