མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས"ཀྲུང་གོ་དང་སུའེ་ཙེར་དབར་གྱི་ཡུལ་སྐོར་ལོའི"མཇུག་འགྲིལ་མཛད་སྒོར་
ཤིས་ཚིག་སྤྲིངས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་7ཉིན་སུའེ་ཙེར་གྱི་ལུའོ་སང་དུ“ཀྲུང་གོ་དང་སུའེ་ཙེར་དབར་གྱི་ཡུལ་སྐོར་ལོ”མཇུག་འགྲིལ་བ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཇུག་འགྲིལ་མཛད་སྒོར་ཤིས་ཚིག་སྤྲིངས་གནང་བ་རེད།
          ཞི་ཅིན་ཕིང་གིས། “ཀྲུང་གོ་དང་སུའེ་ཙེར་དབར་གྱི་ཡུལ་སྐོར་ལོ”གཉེར་བ་ནི་ཕྲན་དང་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ལུའོ་དབྱི་ཐེ་ཧ་ཏེས་མཉམ་དུ་གཏན་འབེབས་བྱས་པ་ཞིག་ཡིན། ལོ་གཅིག་གི་རིང་། ཕྱོགས་གཉིས་ཀྱིས་ཡུལ་སྐོར་ལོ་ཉིད་གོ་སྐབས་བཟང་པོར་བརྩིས་ནས་སྤེལ་རེས་བྱེད་སྒོ་གཉེར་བ་དང་། མི་སྣ་འགྲོ་འོང་མང་དུ་བཏང་བ། རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཤེས་རྟོགས་ཟབ་ཏུ་བཏང་བ་བཅས་བྱས་པས་ཕྱོགས་གཉིས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་མང་པོའི་སྤེལ་རེས་མཉམ་ལས་ལ་སྐུལ་མ་ཐེབས་པ་དང་། ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བ་གོང་འཕེལ་ཡོང་ཆེད་སྒུལ་ཤུགས་གསར་པ་བསྣན་ཡོད་ཅེས་གསུངས།
          ཞི་ཅིན་ཕིང་གིས། མི་དམངས་མཉམ་ཞུགས་དང་རྒྱབ་སྐྱོར་བྱེད་པ་ནི་ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བ་གོང་འཕེལ་ཡོང་བའི་རྨང་གཞི་གལ་ཆེན་ཡིན། རེ་བར་ཕྱོགས་གཉིས་ཀྱིས“ཀྲུང་གོ་དང་སུའེ་ཙེར་དབར་གྱི་ཡུལ་སྐོར་ལོ”བདེ་བླག་ངང་གཉེར་བ་དེ་འགོ་འཛུགས་ས་གསར་པར་རྩིས་ནས་མི་སྣ་འགྲོ་འོང་དང་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བ་གོང་འཕེལ་ཡོང་ཆེད་དམངས་འདོད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།