མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་སྒྲིག་ཨུད་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་སྐོར་
གྱི་དཔེ་མཚོན་གྱོད་གཞི་བརྒྱད་ཡོངས་བསྒྲགས་ངང་ཐེར་འདོན་བྱས་པ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་16ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

            མི་དམངས་དྲ་བའི་འཕྲིན། འདི་ལོ་ཚུན་དུ། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཐོག་ཀྲུང་དབྱང་སྒྲིག་ཨུད་ཀྱི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྲིག་བསྟར་འགན་འདྲི་བདའ་འདེད་ཀྱི་ལྟ་སྐུལ་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བླང་བྱ་ལྟར། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཤིང་། ཉིན་ཤས་གོང་དུ། ཀྲུང་དབྱང་སྒྲིག་ཨུད་ཀྱིས་དཔེ་མཚོན་གྱོད་གཞི་བརྒྱད་ཡོངས་བསྒྲགས་ངང་ཐེར་འདོན་བྱས་པ་རེད།
          མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་བ་ཡན་རྫོང་གི་དེ་སྔའི་རྫོང་ཨུད་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ལུའོ་ཝུན་ཞང་སོགས་ཀྱིས་དབུལ་ཕོངས་གནས་སྤོས་མང་ཚོགས་ཚོ་གནས་གོང་ཆེ་བའི་ཁུལ་ཆུང་དུ་བཀོད་སྒྲིག་བྱ་རྒྱུའི་གྲོས་ཐག་རང་དགར་བཅད་དེ། སྡོད་ཁང་ཉོ་བའི་ཁ་གསབ་སྤྲོད་པའི་བྱེད་སྟངས་ཐོག་ནས་ས་ཁང་བདག་ཁོངས་ཀུང་སི་ག་གེ་མོ་ཞིག་ལ་ཁང་པ་སོགས་འཚོང་རོགས་བྱས་པའི་གནད་དོན་ཏེ། 2012ལོ་ནས་2015ལོའི་བར། བ་ཡན་རྫོང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་སྤེལ་སྐབས། ལུའོ་ཝུན་ཞང་གིས་ཞིབ་འཇུག་རིགས་པས་ཁུངས་སྐྱེལ་བྱས་མེད་པ་དང་། རྫོང་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་དང་རྫོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཞིབ་འཇུག་བྱ་རྒྱུར་འོས་སྐུལ་འོས་དཔོད་བྱས་མེད་པ། དབུལ་ཕོངས་གནས་སྤོས་དུད་ཚང་གི་དཔལ་འབྱོར་གཏོང་སྤྲོད་ནུས་པ་དང་དེ་བཞིན་ཁོང་ཚོའི་རྗེས་མཐུད་འཚོ་བའི་འགན་ལེན་ལ་བསམ་གཞིག་མ་བྱས་པར་ཚོང་སྒྱུར་ཁང་པ་500ཉོ་རྒྱུའི་གྲོས་ཐག་ཁོ་པ་གཅིག་པུས་རང་དགར་བཅད་པ་དང་། སྡོད་ཁང་རེའི་རིན་གོང་སྒོར་ཁྲི་26ནས་38བར་ཡིན་ལ་སྲིད་གཞུང་གིས་ཁ་གསབ་སྒོར་ཁྲི་5སྤྲོད་རྒྱུ་བྱས་པ་རེད། 2015ལོའི་ཟླ་གསུམ་པར། རྫོང་དེའི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་མཱ་ཅིན་ཤིན་གྱིས་བྱེད་ཐབས་གཅིག་མཚུངས་སྤྱད་དེ་གནས་སྤོས་དུད་ཚང་130མང་དུ་བཏང་བ་རེད། དེར་བརྟེན། བ་ཡན་རྫོང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་དང་ཉེན་ཁང་སྒྱུར་བཀོད་སོགས་ཀྱི་མ་དངུལ་སྒོར་ཁྲི་3150ས་ཁང་བདག་ཁོངས་ཀུང་སི་ག་གེ་མོ་ཞིག་ལ་ཐད་ཀར་སྒྲིག་འགལ་ངང་བསྐུར་པས། རྫོང་སྲིད་གཞུང་གིས་དུད་ཚང་དབུལ་པོར་གནས་སྤོ་བྱེད་རོགས་བྱེད་པ་ནས་ས་ཁང་བདག་ཁོངས་ཀུང་སིར་ཁང་པ་ཚོང་རོགས་བྱེད་པར་འགྱུར་བ་རེད། འབྲེལ་ཡོད་སྡེ་ཚན་གྱིས་གཏན་འཁེལ་བྱས་པ་བརྒྱུད། གནས་སྤོས་དུད་ཚང་630ཁྲོད་དུ་དབུལ་པོ་མིན་པའི་དུད་ཚང་232ཡོད་ལ། དེ་དག་གིས་སྲིད་གཞུང་གི་ཁ་གསབ་དངུལ་སྒོར་ཁྲི་1160སྒྲིག་འགལ་ངང་ལོངས་སྤྱོད་བྱས་པའམ་ཡང་ན་གཡོ་ལེན་བྱས་པ་རེད། ལུའོ་ཝུན་ཞང་ལ་ཏང་ནང་ནས་ཕྱིར་ཕུད་བྱས་པ་དང་སྲིད་འཛིན་གོ་གནས་འཐེན་པའི་ཆད་པ་བཅད་པ་དང་། མཱ་ཅིན་ཤིན་ལ་ཏང་ནང་གི་གོ་གནས་འཐེན་པ་དང་སྲིད་འཛིན་གོ་གནས་འཐེན་པའི་ཆད་པ་བཅད་པ། མཚོ་ཤར་གྲོང་ཁྱེར་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་དང་གྲོང་ཁྱེར་འཛུགས་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་བ་ཡན་རྫོང་གི་དེ་སྔའི་རྫོང་དཔོན་གཞོན་པ་མཱ་ཆན་ལི་ལ་ཏང་ནང་གི་ཐ་ཚིག་ནན་པོ་བསྒྲགས་པ། རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་མཱ་ཧའེ་ཧྥུང་ལ་ཏང་ནང་གི་གོ་གནས་འཐེན་པ་དང་སྲིད་འཛིན་གོ་གནས་འཐེན་པའི་ཆད་པ་བཅད་པ་བཅས་དང་། བ་ཡན་རྫོང་ཨུད་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ལ་འགོ་ཁྲིད་ཀྱི་འགན་འཁྲི་ཡག་པོ་བསྒྲུབས་མེད་པ་དང་། མཚོ་ཤར་གྲོང་ཁྱེར་སྒྲིག་ཨུད་ཀྱིས་ལྟ་སྐུལ་འགན་འཁྲི་ཡག་པོ་མ་བསྒྲུབས་པར་གནད་དོན་དེའི་ཁུངས་སྣེར་རགས་བཤེར་བྱེད་སྐབས་ཁྲལ་སེལ་ཙམ་བྱས་ནས་ཞིབ་དཔྱད་མཇུག་འབྲས་དོན་དངོས་དང་ཚབས་ཆེན་འགལ་བ། བ་ཡན་རྫོང་སྒྲིག་ཨུད་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱས་པ་ཕྱི་ཚུལ་ཙམ་དུ་ལུས་ནས་རྫོང་དེའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ཁྲོད་ཐོན་པའི་སྒྲིག་འགལ་གནད་དོན་ཚབས་ཆེན་ཤེས་རྟོགས་མ་ཐུབ་པ་བཅས་རེད། མཚོ་ཤར་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན། དེ་སྔའི་གྲོང་ཨུད་ཀྱི་རྒྱུན་ཨུ་དང་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲུའུ་ཧུང་དང་། མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་རྩྭ་ཐང་ཁྲུའི་ཁྲུའུ་ཀྲང་བ་ཡན་རྫོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཙེང་ཀྲི་ཅུན་གཉིས་ལ་ཏང་ནང་གི་ཐ་ཚིག་ནན་པོ་བསྒྲགས་པ་དང་། མཚོ་ཤར་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཐའོ་ཡུང་ཧྲེང་དང་། མཚོ་ཤར་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། བ་ཡན་རྫོང་གི་དེ་སྔའི་རྫོང་ཨུད་ཀྱི་རྒྱུན་ཨུ། རྫོང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཧན་ཡུས་དབྱིན་གཉིས་ལ་ཏང་ནང་གི་ཐ་ཚིག་བསྒྲགས་པ་རེད།