མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་22ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། 2017ལོའི་ཟླ་12ཚེས་19ཉིན། ཨན་ཧུའེ་ཞིང་ཆེན་ཧོ་ཕེ་གྲོང་ཁྱེར་ཐུང་ལིང་ལམ་ཁྲོམ་གཞུང་དོན་གཅོད་ཁང་གིས་ཁོངས་གཏོགས་ཀྱི་ཧོ་ཕེ་གྲོང་ཁྱེར་ཞི་བདེ་སློབ་ཆུང་ཧྭ་ཁྲུང་ཡན་ལག་སློབ་གྲྭར“ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་གྲྭར་སྤེལ་བའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་སྐབས་སྡེ་ཁུལ་གྱི་ཏང་ཡོན་རྒན་གྲས་དང་ལས་དོན་མི་སྣས་རབ་བཏགས་རི་མོའི་འགྲེམས་པང་དང་བྱེད་སྒོའི་ལག་དེབ་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྐོར་དང་དེ་བཞིན་རླབས་ཆེན་མེས་རྒྱལ་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་དང་ཕ་ཡུལ་གྱི་འགྱུར་ལྡོག་ཆེན་པོར་འགྲེལ་བཤད་བརྒྱབ་པས་སློབ་མ་ཚོའི་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་སྤྲོ་སེམས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་སློབ་ལ་འབད་རྒྱུའི་ཧུར་སེམས་རབ་ཏུ་འཕེལ་བ་རེད།