འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།འབུམ་རམས་པ་405ལས་གྲུབ་པའི་ཞབས་ཞུ་ཚོགས་པ་ཁག་བཅོ་བརྒྱད་པའི་ཁོངས་མི་
    ནུབ་རྒྱུད་དུ་ཞབས་ཞུ་སྦྱོང་བརྡར་བྱེད་པར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་22ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་19ཉིན་པེ་ཅིང་དུ་ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་བཅོ་བརྒྱད་པ་མ་ཐོན་གོང་གི་གསོ་སྦྱོང་ཚོགས་འདུ་འཚོགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་འབུམ་རམས་པ་405གསོ་སྦྱོང་ལ་ཞུགས་པ་རེད། ཚོགས་འདུའི་ཐོག འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་ནི་ནུབ་རྒྱུད་དུ་ཞབས་ཞུ་སྦྱོང་བརྡར་བྱེད་པར་སྐྱོད་པའི་ཏང་གི་སློབ་ཚན་དང་པོ་དང་སྦྱོང་དགོས་ངེས་ཀྱི་ཆབ་སྲིད་སློབ་ཚན་ཞིག་ཏུ་བརྩིས་ནས། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཁ་ཕྱོགས། རྩ་དོན། འགྲོ་ལམ་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་འགྱུར་ཡོང་བ་བྱེད་དགོས། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་མ་ཟད། ཏང་ལ་ལྷག་བསམ་ཟོལ་མེད་དང་། ཏང་དོན་དུ་དཀའ་སྡུག་མཉམ་སྤྱད། ཏང་དོན་དུ་ལས་འགན་གཙང་སྒྲུབ། དམངས་ལ་བདེ་རྩ་བསྐྲུན་རྒྱུ་བཅས་ཆབ་སྲིད་ཀྱི་རྩ་བའི་ལས་འགན་ལ་བརྩི་དགོས། དམིགས་བྱའི་ལས་གནས་ཀྱི་བླང་བྱར་གཞིགས་ནས་བརྟག་དཔྱད་ཞིབ་འཇུག་དང་། ཆེད་ལས་ཀྱི་ལེགས་ཆ་འདོན་པ། ཉམས་སད་ཐེག་པའི་སྤྱོད་ཚུལ་སྦྱོང་བརྡར། ལས་དོན་དོན་འཁྱོལ་དམ་འཛིན་བཅས་བྱས་ནས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོས་རང་འགུལ་ངང་ཞབས་ཞུ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་བྱས་རྗེས་བཞག་སྟེ་དུས་ཚོད་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་སྤྱོད་དགོས་ཞེས་བསྟན་པ་རེད།
         འདི་ལོའི་འབུམ་རམས་པའི་ཞབས་ཞུའི་ཚོགས་པ་མངགས་པའི་ལས་དོན་ཐད་འོས་མིའི་བསམ་བློ་ཆབ་སྲིད་ཀྱི་འགག་སྒོ་བསྲུང་རྒྱུ་དང་ཆེད་ལས་ཆུ་ཚད་ཀྱི་བླང་བྱ་གཙོ་བོར་བཟུང་ནས། ཐག་རིང་ལུང་ཁུག་གི་ས་ཁུལ་དབུལ་པོ་དང་། མཐའ་མཚམས་ཀྱི་མི་རིགས་ས་ཁུལ། གསར་བརྗེའི་ཁུལ་རྙིང་པ་བཅས་ལ་ཤེས་ལྡན་པའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། གཞི་ཁྱོན་ལོ་དེ་དག་རིང་གི་ཆེ་ཤོས་རེད། མངགས་པའི་ལས་དོན་ཁྲོད་དངུལ་རྩ་དང་། ཞིང་ལས། འགྲིམ་འགྲུལ་འཛུགས་སྐྲུན་སོགས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་མཁོ་བའི་ཤེས་ལྡན་པ་མངགས་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ཐོག ཤེས་ལྡན་པ་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་དང་གཞི་རིམ་གྱི་འཐབ་ས་དང་པོར་ཞབས་ཞུ་སྦྱོང་བརྡར་བྱེད་པར་བསྐྱོད་རྒྱུར་ལྕག་སྐུལ་དང་སྣེ་ཁྲིད་དང་། དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་ཤེས་ལྡན་པའི་དགོས་མཁོ་སྔོན་ལ་འགན་ལེན་བྱས་ནས་བོད་དང་། ཤིན་ཅང་། མཚོ་སྔོན་བཅས་ས་ཁུལ་གསུམ་དུ་མངགས་པའི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི་40%བཟུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།