མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཚ་ལུ་མའི་ལྡུམ་རའི་ནང་ཏང་གི་ཚོགས་ཆེན་བཅུ་དགུ་པ་སྒྲོག་འགྲེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་27ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ཀོང་ཤིས་རུང་ཨན་དུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་རེད། རྫོང་དེས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་འཆད་ཁྲིད་བྱ་རྒྱུ་དེ་ཞིང་ནང་དང་ཚ་ལུ་མའི་ལྡུམ་རའི་ནང་བྱས་ནས་མི་སེར་གྱིས་མཐོང་ཐུབ་པ་དང་ཉེ་འགྲམ་གྱི་མིས་ཉེ་འགྲམ་གྱི་གནས་ཚུལ་བཤད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གོ་བདེ་ཞིང་རྟོགས་སླ་བ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གོང་རིམ་ལ་སྙན་སེང་ཞུ་ཐུབ་པ་དང་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་བྱེད་པ་དང་། དུས་མཚུངས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་རྒྱུར་ཁྲིད་སྟོན་དང་མང་ཚོགས་སྔ་ཙམ་འབབ་འཕར་དང་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་བས་ལས་ཆུང་ཕན་ཆེའི་གྲུབ་འབྲས་ཐོབ་ནས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།