མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པས་ཉི་ཧོང་ཕྱོགས་ནས་དམག་དོན་བདེ་འཇགས་ཁྱབ་ཁོངས་
ཀྱི་བྱེད་སྤྱོད་གཟབ་ནན་དགོས་ལུགས་བཏོན་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་27ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པས་ཉི་ཧོང་ཕྱོགས་ནས་དམག་དོན་བདེ་འཇགས་ཁྱབ་ཁོངས་
ཀྱི་བྱེད་སྤྱོད་གཟབ་ནན་དགོས་ལུགས་བཏོན་པ།

         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཉི་ཧོང་གི་དམག་དོན་བདེ་འཇགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་བྱེད་སྤྱོད་ཀྱི་གནས་འཕྲིན་ལ་དམིགས་ཏེ་ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པ་ཧྭ་ཁྲུན་ཡིང་གིས། ཟླ་12ཚེས་26ཉིན་གྱི་འཆར་ཅན་གསར་འགོད་པའི་ཚོགས་འདུ་ཐོག་ཏུ་ཀྲུང་གོ་ཕྱོགས་ཀྱིས་ཉི་ཧོང་ཕྱོགས་ལ་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་བྱས་ཏེ་དམག་དོན་བདེ་འཇགས་ཁྱབ་ཁོངས་ཀྱི་བྱེད་སྤྱོད་གཟབ་ནན་དགོས་ལུགས་སྐུལ་མ་བཏང་བ་རེད།
       གསར་འགོད་པ་ཞིག་གིས། གནས་འཕྲིན་ལྟར་ན། ཉི་ཧོང་གིས་དམག་འཐབ་གནམ་གྲུ་F-35Bབསྡུ་ཉོ་བྱ་རྒྱུ་ཡིན་པ་མ་ཟད། ཐད་འཕུར་གནམ་གྲུའི་འགན་སྲུང་དམག་གྲུ"ཁྲུ་ཡོན"རྟགས་ཅན་དེ་གནམ་གྲུ་འབབ་སའི་གྲུ་གཟིངས་སུ་གཏོང་འཆར་ཡོད་འདུག ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་བྱེད་སྤྱོད་ལ་དཔྱད་གཏམ་ཅི་ཞིག་ཡོད་དམ། ཨེ་ཤེ་ཡར་དམག་དོན་འགྲན་རྩོད་ཀྱི་ཚ་རླབས་ཤིག་འཕྱུར་ཉེན་གྱི་སེམས་ཁྲལ་འདུག་གམ་ཞེས་དྲི་བ་བཏོན་པ་རེད།
        ཧྭ་ཁྲུན་ཡིང་གིས། ལོ་རྒྱུས་ཀྱི་དབང་གིས་ཉི་ཧོང་གི་དམག་དོན་བདེ་འཇགས་ཁྱབ་ཁོངས་ཀྱི་བྱེད་སྤྱོད་ལ་ཨ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད། "ང་རང་གིས་དོ་སྣང་བྱུང་བ་ལྟར་ན། འབྲེལ་ཡོད་གནས་འཕྲིན་དུ་ཉི་ཧོང་ཕྱོགས་ཀྱིས་ལག་ལེན་བསྟར་བའི་བྱེད་ཐབས་དེ་ཉི་ཧོང་རྩ་ཁྲིམས་ཀྱི་དོན་ཚན་དགུ་པ་ལས་འགལ་སྲིད། ཉི་ཧོང་གི་རྩ་ཁྲིམས་གྱི་དོན་ཚན་དགུ་པ་ནི་ཉི་ཧོང་རྒྱལ་ཁབ་དེ་དམག་ཆེན་རྗེས་སུ་ཞི་བདེ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པའི་ཁྲིམས་ལུགས་ཀྱི་འགན་སྲུང་དང་མཚོན་རྟགས་གལ་ཆེན་ཞིག་རེད་ལ། ཉི་ཧོང་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁ་གཏད་པའི་ཁས་ལེན་ཆེན་པོ་ཞིག་ཀྱང་རེད"ཅེས་བསྟན།
        ཧྭ་ཁྲུན་ཡིང་གིས། ཀྲུང་གོ་ཕྱོགས་ནས་ཉི་ཧོང་ཕྱོགས་ལ"འགན་སྲུང་ཆེད་གཉེར"མཐའ་འཁྱོངས་བྱེད་པ་དང་། ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་བྱེད་པ། དམག་དོན་བདེ་འཇགས་ཁྱབ་ཁོངས་སུ་བྱེད་སྤྱོད་གཟབ་ནན་སྤེལ་བ། ས་ཁུལ་དང་རྒྱལ་ཁབ་བར་གྱི་ཡིད་རྟོན་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ཕན་ཐོགས་མང་ཙམ་བསྒྲུབ་པ་ལས་དེ་ལས་ལྡོག་པའི་རིགས་མི་བྱེད་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།
        ཧྭ་ཁྲུན་ཡིང་གིས། "ཉེ་བའི་ལོ་ཤས་རིང་ལ། ཉི་ཧོང་གི་དཔོན་རིགས་ཀྱིས་ཉི་ཧོང་ནི་ཞི་བདེའི་སྟོབས་ཤུགས་ཤིག་ཡིན་ཞེས་བརྗོད་པ་ང་ཚོས་ཐེངས་མང་གོ་མྱོང་། ཉི་ཧོང་ཕྱོགས་ཀྱིས་འབྲེལ་ཡོད་བཤད་སྟངས་དེ་སྲིད་ཇུས་དང་བྱ་སྤྱོད་ཐོག་ལག་བསྟར་དོན་འཁྱོལ་ངོ་མ་བྱེད་རེ་ཡོད"ཅེས་བསྟན་པ་རེད།

༄༅།།ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པས་ཉི་ཧོང་ཕྱོགས་ནས་དམག་དོན་བདེ་འཇགས་ཁྱབ་ཁོངས་
ཀྱི་བྱེད་སྤྱོད་གཟབ་ནན་དགོས་ལུགས་བཏོན་པ།