མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སློབ་གསོ་པུའི་རྒྱུགས་ལེན་ལྟེ་གནས་ཀྱིས་དྲ་ཐོག་ཏུ་ཞིབ་འཇུག་སློབ་མའི་རྒྱུགས་སྤྲོད་ཀྱི་ཨང་
རྩིས་ཟུར་ཁྲིད་བརྙན་ཐུང་ནང་འདྲི་གཞི་ཕྱིར་གྱར་བའི་གནས་ཚུལ་འཁོད་པ་དེ་རྫུས་མ་
ཡིན་ཞེས་ལན་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་28ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     མི་དམངས་དྲ་བའི་འཕྲིན། “དྲ་ཐོག་ཏུ་དགེ་རྒན་ཆེ་གེ་མོ་ཞིག་གིས་ཞིབ་འཇུག་སློབ་མའི་རྒྱུགས་སྤྲོད་ཀྱི་ཟུར་ཁྲིད་བརྙན་ཐུང་ནང་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་སྤྲོད་ཨང་རྩིས་འདྲི་གཞི་ཕྱིར་གྱར་བའི་དོགས་གཞི་ཡོད་ཚུལ་འཁོད་པའི”གནས་ཚུལ་ལ་དམིགས་ཏེ་སློབ་གསོ་པུའི་རྒྱུགས་ལེན་ལྟེ་གནས་ཀྱིས་འབྲེལ་ཡོད་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་བརྙན་ཐུང་སོགས་དཔྱད་གཞིར་ཞིབ་འཇུག་དང་བརྡར་ཤ་བཅད་པ་བརྒྱུད་དཔེར་དྲངས་བའི་འདྲི་གཞི་དེ་དངོས་རྒྱུགས་འདྲི་གཞི་དང་གཅིག་མཚུངས་མིན་པ་གཏན་འཁེལ་བྱས་པ་མ་ཟད། དགེ་རྒན་དེ་དང་བརྙན་ཐུང་ནང་གླེང་བའི་དགེ་རྒན་ཚང་མ་2018ལོའི་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་ལེན་གྱི་ཨང་རྩིས་ཡིག་རྒྱུགས་འདོན་པའི་ལས་དོན་ལ་ཞུགས་མེད། དེ་ནི་གསར་འགོད་པས་ཚེས་26ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པ་ཞིག་རེད།
     ཚེས་26ཉིན་དྲ་གྲོགས་མང་པོ་ཞིག་གིས་དཔོད་ཆུང་ནང་2018ལོའི་རྒྱལ་ཡོངས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་གཅིག་གྱུར་སློབ་བསྡུའི་རྒྱུགས་ལེན་གྱི་ཨང་རྩིས་ཡིག་རྒྱུགས་ནང“འདྲི་གཞི་གནད་འཁེལ་བྱུང་བའི”གནས་ཚུལ་ཐོན་ནས་མིང་ལ“ལི་ལིང”ཟེར་བའི་དགེ་རྒན་ཞིག་གིས་རྒྱུགས་སྤྲོད་གོང་བཏོན་པའི་འདྲི་གཞིའི་བརྙན་ཐུང་ནང་དཔེར་དྲངས་བའི་འདྲི་གཞི་དེ་དངོས་རྒྱུགས་སྐབས་ཀྱི་འདྲི་གཞི་དང་ཧ་ཅང་འདྲ་པོ་ཡོད་པས་ཞིབ་འཇུག་སློབ་མ་བསྡུ་བའི་རྒྱུགས་ལེན་གྱི་ཨང་རྩིས་འདྲི་གཞི་ཕྱིར་གྱར་བའི་གནས་ཚུལ་གྱི་དོགས་གཞི་བྱུང་ཡོད། དེར་བརྟེན་སློབ་གསོ་པུའི་རྒྱུགས་ལེན་ལྟེ་གནས་ཀྱིས“གནས་ཚུལ”དེ་རྫུས་མ་ཡིན་པའི་ལན་བརྒྱབ་ཡོད།