མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཉི་ཧོང་གི་སྲིད་འཛིན་ཏང་བར་གྱི་སྤེལ་རེས་ལམ་སྲོལ་གྱི་གྲོས་ཚོགས་
ཐེངས་བདུན་པར་ཞུགས་མཁན་ཉི་ཧོང་ཕྱོགས་ཀྱི་འཐུས་མི་ཚོར་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་29ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཉི་ཧོང་གི་སྲིད་འཛིན་ཏང་བར་གྱི་སྤེལ་རེས་ལམ་སྲོལ་གྱི་གྲོས་ཚོགས་
ཐེངས་བདུན་པར་ཞུགས་མཁན་ཉི་ཧོང་ཕྱོགས་ཀྱི་འཐུས་མི་ཚོར་མཇལ་འཕྲད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཀྲུང་གོ་དང་ཉི་ཧོང་གི་སྲིད་འཛིན་ཏང་བར་གྱི་སྤེལ་རེས་ལམ་སྲོལ་གྱི་གྲོས་ཚོགས་ཐེངས་བདུན་པར་ཞུགས་མཁན་ཉི་ཧོང་རྒྱལ་ཁབ་ཀྱི་རང་དབང་དམངས་གཙོ་ཏང་གི་ལས་འཛིན་པ་ཨེར་ཅའེ་ཅུན་པོའོ་དང་གཙང་སྐྱོང་ཏང་གི་ལས་འཛིན་པ་ཅིན་ཧྲང་དབྱི་ཅིའུ་གཉིས་པོ་དང་དེ་གཉིས་ཀྱིས་སྣེ་ཁྲིད་བྱས་པའི་འཐུས་མི་ཚོགས་པར་མཇལ་འཕྲད་གནང་བ་རེད།
        ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཉི་ཧོང་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་ཏང་གི་སྤེལ་རེས་ལམ་སྲོལ་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཡོང་བར་ནུས་པ་བཏོན་པར་གདེང་འཇོག་ཆེན་པོ་གནང་བ་མ་ཟད། ལས་འཛིན་རྣམ་གཉིས་ཀྱིས་དུས་ཡུན་རིང་པོར་ཀྲུང་གོ་དང་ཉི་ཧོང་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་ཏང་གི་སྤེལ་རེས་ལ་འབད་པ་བྱས་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་དངོས་དོན་མཉམ་ལས་དང་དམངས་ཁྲོད་ཀྱི་མཛའ་མཐུན་ལ་སྐུལ་འདེད་ཀྱི་འབད་པ་བྱས་པར་ཡང་བསྔགས་བརྗོད་གནང་བ་རེད། ཕྱོགས་གཉིས་ཀས་ཏང་བར་གྱི་སྤེལ་རེས་ལ་ཤུགས་སྣོན་དང་མཉམ་ལས་འབྲེལ་འདྲིས་གཏིང་ཟབ་བྱས་ཏེ་ཀྲུང་གོ་དང་ཉི་ཧོང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་འཕེལ་རྒྱས་ཡོང་བའི་སྣེ་ཁྲིད་ཀྱི་ནུས་པ་འདོན་རེ་ཡོད་ལུགས་བསྟན་གནང་བ་རེད།
        ཨེར་ཅའེ་ཅུན་པོའོ་དང་ཅིན་ཧྲང་དབྱི་ཅིའུ་རྣམ་གཉིས་ཀྱིས་ཞི་ཅིན་ཕིང་གི་མཇལ་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཉི་ཧོང་གི་སྲིད་འཛིན་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་བྱས་རྗེས་སྔར་ལས་ལྷག་པར་འཇོག་རྒྱུ་ཡིན་ལུགས་བསྟན་པ་རེད།
        མཇལ་འཕྲད་གནང་རྗེས། ཞི་ཅིན་ཕིང་དང་ཀྲུང་གོ་དང་ཉི་ཧོང་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་ཏང་གི་སྤེལ་རེས་ལམ་སྲོལ་གྱི་གྲོས་ཚོགས་ཐེངས་བདུན་པར་ཞུགས་པའི་འཐུས་མི་འགའ་ཤས་དང་རྗེས་དྲན་མཉར་པར་བསྐྱོན་པ་རེད།
        དབྱང་ཅའེ་ཁྲེ་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།
        ཀྲུང་གོའི་གུང་ཁྲན་ཏང་དང་ཉི་ཧོང་གི་རང་དབང་དམངས་གཙོ་ཏང་། སྲིད་དོན་གཙང་སྐྱོང་ཏང་བཅས་ཀྱིས་མཉམ་དུ་གཉེར་བའི་ཀྲུང་གོ་དང་ཉི་ཧོང་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་ཏང་གི་སྤེལ་རེས་ལམ་སྲོལ་གྱི་གྲོས་ཚོགས་ཐེངས་བདུན་པ་འདི་ནི་ཟླ་12ཚེས་25ཉིན་ནས་ཚེས་26ཉིན་བར་ཞ་མོན་དང་ཧྥུའུ་ཀྲོའུ་གྲོང་ཁྱེར་གཉིས་སུ་སྤེལ་ཞིང་། གྲོས་ཚོགས་ཐོག་《ཀྲུང་གོ་དང་ཉི་ཧོང་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་ཏང་གི་སྤེལ་རེས་ལམ་སྲོལ་གྱི་གྲོས་ཚོགས་ཐེངས་བདུན་པའི་ཐུན་མོང་གྲོས་གཞི་》ལ་གྲོས་འཆམ་བྱུང་ཡོད་པ་རེད།