མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་
གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཞིང་པའི་
བསམ་པའི་ཉམས་འགྱུར་ལེགས་སུ་གཏོང་དགོས་པའི་བརྡ་ཐོ་བཀྲམ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་07ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་ཞུས་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་ཐད་གནང་བའི་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་བཀོད་སྒྲིག་བྱས་ནས་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་པའི་བསམ་པའི་ཉམས་འགྱུར་ལེགས་སུ་གཏོང་དགོས་པའི་བརྡ་ཐོ་བཀྲམ་པ་རེད།
        བརྡ་ཐོའི་ནང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཞིང་པ་མང་ཚོགས་དུང་ཕྱུར་མང་པོར་བྱམས་བརྩེའི་ཐུགས་ཁུར་གནང་བ་གང་ལེགས་མཚོན་ཡོད་ལ། དུས་རབས་གསར་པའི་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཞིག་ཀྱང་རེད། ང་ཚོས་དེའི་ནང་གི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་དབར་གྱི་རྩོད་སྒྲུབ་འབྲེལ་བ་གསལ་པོ་ཤེས་པར་བྱེད་པ་དང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ཁྲོད་ཀྱི་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་གནས་བབ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གཞི་རྩའི་ལས་འགན་དང་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་པའི་བསམ་པའི་ཉམས་འགྱུར་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་། བསམ་པའི་སྟོབས་ཤུགས་ཆེན་པོ། བསམ་བློ་ཀུན་སྤྱོད་ཀྱི་ཞིང་ས་གཤིན་པོ། རིག་གནས་ཆ་རྐྱེན་ལེགས་པོ་བཅས་མཁོ་འདོན་བྱེད་དགོས།
           བརྡ་ཐོའི་ནང་ནན་བཤད་བྱས་དོན། རིམ་ཁག་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་ཟུང་འབྲེལ་བྱས་ཏེ་ཞིང་པས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པར་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་ཞིང་པ་མང་ཚོགས་རྣམས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་སྲ་བརྟན་དུ་གཏོང་དགོས། གྲོང་གསེབ་ཀྱི་ལས་བྱེད་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ཆེ་བའི་གནད་དོན་ལ་དམིགས་ནས་ཏང་དང་སྲིད་གཞུང་གི་སྲིད་ཇུས་དང་བྱ་ཐབས་ཁག་ལ་གསལ་འགྲེལ་གཏིང་ཟབ་བྱེད་པ་དང་ཞིང་པ་མང་ཚོགས་ཀྱི་སྙིང་སྟོབས་གཅིག་ཏུ་བསྒྲིལ་ནས་ཞིང་ལས་སྟོབས་ལྡན་དང་། གྲོང་གསེབ་མཛེས་པ། ཞིང་པ་འབྱོར་ཕྱུག་བཅས་ཀྱི་འཚོ་བ་སྐྱིད་པོ་ཞིག་ནུས་ཤུགས་ཡོད་རྒུས་སྐྱེལ་ཐུབ་པ་བྱེད་དགོས།
         བརྡ་ཐོའི་ནང་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་སྒྲིག་འཛུགས་མཐུན་སྦྱོར་དང་མཛུབ་ཁྲིད་སྐུལ་གཏོང་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་ཆེད་ལས་ཞིང་པ་གསར་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གོམས་སྲོལ་ལེགས་སུ་དང་དུས་རབས་ཀྱི་གོམས་སྲོལ་གསར་པ་དར་སྤེལ་གཏོང་བའི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏོང་བ། ཞིང་པ་མང་ཚོགས་ཀྱི་རིག་གནས་འཚོ་བ་ནུས་ཤུགས་ཡོད་རྒུས་ཕུན་སུམ་ཚོགས་སུ་གཏོང་བ། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་བ། ས་ཁུལ་དབུལ་པོའི་གནད་སྨིན་དབུལ་སྒྲོལ་གྱི“བསམ་པའི་ཞན་ཆ”གསབ་པ་བཅས་བྱས་ནས་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་ཏན་ཏིག་བྱེད་དགོས། གྲོང་གསེབ་ཀྱི་ཏང་ཀྲི་པུའུ་ཡིས་མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་གོང་བུ་གཅིག་འགྲིལ། མང་ཚོགས་ལ་ཞབས་འདེབས་ཞུ་བ་བཅས་ཀྱི་འཇོན་ཐང་འདོན་སྤེལ་ཏན་ཏིག་བྱས་ཏེ། མང་ཚོགས་ཀྱི་སྣེ་ཁྲིད་དེ་བསམ་བློར་བཅིངས་འགྲོལ་དང་སྙིང་སྟོབས་འཕེལ་བར་བྱེད་པ་དང་། ཕྱུག་འགྱུར་རྩལ་ནུས་དང་འཇོན་ཐང་སློབ་སྦྱོང་བྱེད་པ། བློ་སྟོབས་གཅིག་སྒྲིལ་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་བླང་བྱ་དོན་འཁྱོལ་བཅས་བྱས་ནས་མཉམ་སྐྲུན་མཉམ་སྤྱོད་ཁྲོད་ཞིང་པ་མང་ཚོགས་ལ་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་དེ་བས་མང་བ་ཐོབ་པར་བྱས་ཏེ་བློ་སྟོབས་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱེད་དགོས།