མི་དམངས་དྲ་བ།

༄༅།།ཀྲུང་དབྱང་གི་ཁོར་ཡུག་ལྟ་ཞིབ་ཀྱི་ལྡོག་ལན་ཐོག་མ་ཕྱོགས་ཡོངས་ནས་མཇུག་སྒྲིལ་ཤིང་མི་
གྲངས་18199ལ་འགན་འཁྲི་རྩད་གཅོད་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་08ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་རེས་སྐོར་ཚོ་ཆུང་དྲུག་པས་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུད་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་ལ་ལྟ་ཞིབ་ཀྱི་ལྡོག་ལན་ཕུལ་བ་དང་། ད་བར་དུ་ཀྲུང་དབྱང་ཁོར་ཡུག་ལྟ་ཞིབ་ལྡོག་ལན་ཐོག་མའི་ལས་ཀ་ཕྱོགས་ཡོངས་ནས་མཇུག་སྒྲིལ་བ་དང་། ཀྲུང་དབྱང་ཁོར་ཡུག་ལྟ་ཞིབ་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་(ཁུལ་དང་གྲོང་ཁྱེར)31ཁྱོན་ཡོངས་ལ་ཁེབས་པར་བྱས་པ་རེད།
     2015ལོའི་ཟླ་7པར། ཀྲུང་དབྱང་གི་ཟབ་བཅོས་རྩ་འཛུགས་ཀྱི་གྲོས་ཚོགས་ཐེངས་བཅུ་བཞི་པའི་ཐོག་《ཁོར་ཡུག་ལྟ་ཞིབ་ཀྱི་འཆར་གཞི་(ཚོད་ལྟ་)》ལ་གྲོས་འཆམ་བྱུང་བ་དང་། ལོ་དེའི་ཟླ་12པར། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོད་ལྟ་བྱེད་ཡུལ་ཧོ་པེ་ནས་འགོ་བརྩམས་པ་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་འོག ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོ་ཆུང་གིས་2016ལོ་དང་2017ལོ་གཉིས་ཀྱི་དུས་ཡུན་རིང་། ཁག་བཞི་རུ་དགོས་ནས་རྒྱལ་ཡོངས་སུ་ལྟ་ཞིབ་ལག་བསྟར་བྱས་པ་རེད། 
         མང་ཚོགས་ཀྱིས་དོར་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐག་བཅད་པ།
         ལྟ་ཞིབ་ཚོ་པས་ཞིང་ཆེན་31དུ་བཅའ་སྡོད་བྱེད་པའི་གོ་རིམ་ཁྲོད་དུ། ལྟ་ཞིབ་བྱ་གཞག་དོན་འཁྱོལ་བ་དང་། མང་ཚོགས་ཀྱི་དོ་སྣང་ཆེས་ཆེར་བྱེད་པའི་ཁོར་ཡུག་གནད་དོན་ཐག་བཅད་བྱས་པ་རེད། 
         ལན་སྤྲོད་པའི་བསམ་འཆར་དག་ཐད་ཀར་ཐག་གཅོད་བྱེད་པ།
         ལྟ་ཞིབ་བྱེད་པའི་གོ་རིམ་ཁྲོད་དུ་ཐོན་པའི་གནད་དོན་ལ་དམིགས་ནས། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོ་ཆུང་གིས་འཛེམ་མེད་ཐོག་ནས་ཐད་ཀར་གནད་དོན་ཐག་གཅོད་ནན་པོར་བྱས་པ་རེད།
         ལྟ་ཞིབ་ཚོ་ཆུང་གིས་ལྟ་ཞིབ་ལས་དོན་དངོས་ལ་བརྟེན་ནས་དོན་དམ་བསྒྲུབས་པ།
         ལོ་གཉིས་ཀྱི་རིང་ལ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ཚོ་ཆུང་འབྱོར་བའི་ས་ཆ་ཁག་ཏུ། ལྟ་ཞིབ་ལས་དོན་དངོས་སྒྲུབ་ཅིང་བྱ་སྤྱོད་ངོ་མ་སྤེལ་ནས། གཟབ་ནན་ངང་འགན་འཁྲི་རྩད་གཅོད་བྱས་ནས། ཁོར་ཡུག་སྲུང་སྐྱོང་དངོས་སུ་བྱེད་ཤུགས་ཆེ་རུ་གཏོང་བའི་འགན་སྲུང་བྱས་པ་རེད།
         དེའི་ནུས་ཤུགས་ནི་ཐོག་མར་འགན་འཁྲི་རྩད་གཅོད་བྱེད་གྲངས་ཐོག་ནས་མངོན་པ་སྟེ། ཁོར་ཡུག་སྲུང་སྐྱོབ་པུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ལྟ་ཞིབ་སྐབས་དང་པོར་ཐུན་མོང་ཐོག་ཡིག་སྐུར་ངོ་བཅར་ཁྱོན་བསྡོམས་ཁྲི་13.5དང་ལེན་བྱས་པ་དང་།  གྱོད་དོན་ཐོ་རུ་བཀོད་དེ་ཉེས་ཆད་བཅད་གྲངས་རིམ་པར་བསགས་ན་ཁྲི་2.9ཟིན་པ། ཉེས་ཆད་བཅད་དངུལ་སྒོར་དུང་ཕྱུར་14.3ཟིན་པ། གྱོད་དོན་ཐོ་རུ་བཀོད་དེ་མྱུལ་ཞིབ་བྱས་གྲངས་1518ཟིན་པ། བཀག་ཉར་བྱས་པའི་མི་1527ཟིན་པ། ཏང་སྲིད་འགོ་ཁྲིད་ལས་བྱེད་པ་18448ཙམ་དང་ཁ་ཆད་གྲོས་མོལ་བྱས་པ། མི་གྲངས་18199ཙམ་གྱི་འགན་འཁྲི་རྩད་གཅོད་བཅས་བྱས་ཡོད་པ་རེད།