མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དུ་འབྲེལ་ཡོད་སྲིད་འཛིན་གྱི་
ཁྲིམས་སྲོལ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆ་དང་དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་
ཆོག་མཆན་སྤྲད་པའི་སྡེ་ཚན་གྱི་སྒྲིག་སྲོལ་གཏན་འབེབས་གནས་སྐབས་ལེགས་སྒྲིག་
བྱ་རྒྱུའི་སྐོར་གྱི་གཏན་འབེབས་》དཔར་འགྲེམས་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་11ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཙུང་ལི་ལི་ཁེ་ཆང་གི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དུ་འབྲེལ་ཡོད་སྲིད་འཛིན་གྱི་ཁྲིམས་སྲོལ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆ་དང་དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པའི་སྡེ་ཚན་གྱི་སྒྲིག་སྲོལ་གཏན་འབེབས་གནས་སྐབས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་གཏན་འབེབས་》(གཤམ་དུ་《གཏན་འབེབས་》ཞེས་བསྡུ་རྒྱུ)དཔར་འགྲེམས་བྱས་པ་དང་དེ་ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།
        《གཏན་འབེབས་》ནང་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དུ་འབྲེལ་ཡོད་སྒྱུར་བཅོས་སྒོ་དབྱེའི་བྱ་ཐབས་ཁྲིམས་ལྟར་བདེ་བླག་ངང་ལག་ལེན་བསྟར་རྒྱུ་འགན་ལེན་བྱ་ཆེད་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དུ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲུ་གཟིངས་ཐོ་འགོད་སྲོལ་ཡིག་》སོགས་སྲིད་འཛིན་ཁྲིམས་སྲོལ་ཁག་11དང་། 《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་རྒྱལ་ཁབ་འཆར་གཞི་ཨུ་ལྷན་ལ་བརྒྱུད་སྤྲོད་བྱས་པའི་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་སྒྲིག་ཆས་རང་རྒྱལ་ནས་བཟོ་རྒྱུའི་ལག་བསྟར་བསམ་འཆར་སྐོར་གྱི་བརྡ་ཐོ》 《གྲོང་ཁྱེར་གྱི་མྱུར་བགྲོད་ལྕགས་ལམ་འགྲིམ་འགྲུལ་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོའི》རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆ་2དང་དེ་བཞིན་《ཕྱི་རྒྱལ་ཚོང་པའི་མ་འཇོག་ཐོན་ལས་ཀྱི་མཛུབ་ཁྲིད་དཀར་ཆག་(2017ལོའི་བཟོ་བཅོས་པར་གཞི)》དང་《ཕྱི་རྒྱལ་ཚོང་པའི་མ་འཇོག་གི་དམངས་སྤྱོད་མཁའ་འགྲུལ་ལས་རིགས་གཏན་འབེབས་》ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པའི་སྡེ་ཚན་གྱི་སྒྲིག་སྲོལ་ཡིག་ཆ་2བཅས་ཀྱི་འབྲེལ་ཡོད་གཏན་འབེབས་གནས་སྐབས་ལེགས་སྒྲིག་བྱ་རྒྱུ་ཁ་གསལ་བཏོན་ཡོད་པ་རེད།
        《གཏན་འབེབས་》ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་དང་། ཧྲང་ཧའེ་གྲོང་ཁྱེར། ཀོང་ཏུང་ཞིང་ཆེན། ཐེན་ཅིན་གྲོང་ཁྱེར། ཕུའུ་ཅན་ཞིང་ཆེན། ལེའོ་ཉིང་ཞིང་ཆེན། ཀྲེ་ཅང་ཞིང་ཆེན། ཧོ་ནན་ཞིང་ཆེན། ཧུའུ་པེ་ཞིང་ཆེན། ཁྲུང་ཆིང་གྲོང་ཁྱེར། སི་ཁྲོན་ཞིང་ཆེན། ཧྲའན་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྲིད་འཛིན་གྱི་ཁྲིམས་སྲོལ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆ་དང་དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་སྤྲད་པའི་སྡེ་ཚན་གྱི་སྒྲིག་སྲོལ་ལེགས་སྒྲིག་གནས་ཚུལ་ལ་གཞིགས་ཏེ་དུས་ཐོག་ཏུ་སྡེ་ཚན་དེ་རང་དང་། ཞིང་ཆེན་དང་གྲོང་ཁྱེར་དེ་རང་གིས་བཟོས་པའི་སྒྲིག་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆར་དེ་མཚུངས་སུ་ལེགས་སྒྲིག་བྱས་ནས་ཚོད་ལྟའི་བླང་བྱ་དང་འཚམ་པའི་དོ་དམ་ལམ་ལུགས་བཟོ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།