མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་
ལ་འགྱུར་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་11ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། “ལོ་ལྔའི་རིང་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ནུས་པར་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་ནས་གསར་གཏོད་ཀྱི་སྟོན་གྲངས་གཙོ་བོ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད”ཚན་རྩལ་པུའི་པུའུ་ཀྲང་དབན་ཀང་གིས་ཚེས་9ཉིན་རྒྱལ་ཡོངས་ཀྱི་ཚན་རྩལ་ལས་དོན་ཚོགས་འདུའི་ཐོག་གནང་བའི་སྙན་སྒྲོན་ནང་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་རྒྱུན་མཐུད་ཤུགས་འདོན་ཐུབ་པ་དང་ཚད་བརྒལ་མཆོང་སྐྱོད་མགྱོགས་པོ་བྱུང་ནས་ལོ་རྒྱུས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། གནས་སྟངས་རང་བཞིན་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་གསར་གཏོད་ཀྱི་གྲུབ་འབྲས་ཆེན་པོ་མང་པོ་ཐོན་པ་དང་ཚན་རྩལ་གྱི་དངོས་ཤུགས་ཆེ་རུ་ཕྱིན་ནས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ལ་འགྱུར་ཡོད་ཅེས་བཤད།
      ཚན་རྩལ་པུའི་གཞི་གྲངས་ལས་མངོན་པར། 2017ལོར་རྒྱལ་ཡོངས་ཀྱི་ཞིབ་འཇུག་དང་ཚོད་ལྟ་འཕེལ་རྒྱས(R&D)ཀྱི་གཏོང་སྒོ་སྔོན་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི་1.76ཟིན་པ་དེ་2012ལོ་ལས་70.9%འཕར་བ་དང་། སྤྱི་ཚོགས་ཧྲིལ་པོའི་R&Dགཏོང་སྒོས་GDPལས་བཟུང་བའི་སྡུར་གྲངས་2.15%ཟིན་པ་དེ་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་15ཡི་2.1%གི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད། ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་2012ལོའི་52.2%ནས་57.5%བར་འཕར་ནས་རྒྱལ་ཁབ་ཀྱི་གསར་གཏོད་ནུས་པའི་ཨང་རིམ་2012ལོའི་ཨང་20ནས་ཨང་17བར་འཕར་ཡོད།
      གཞན་ཡང་དབན་ཀང་གིས་སྙན་སྒྲོན་ནང་ད་དུང་རང་རྒྱལ་གྱི་གསར་གཏོད་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་དང་དབང་སྤྲོད་བྱེད་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་ནུས་ལྡན་གྱི་གསར་གཏོད་ཁེ་བེད་བདག་ཐོབ་དབང་ཚད་འཛམ་གླིང་གི་ཨང་གསུམ་པར་སླེབས་ནས་རྒྱལ་ཡོངས་ཀྱི་ལག་རྩལ་གན་རྒྱར་ཚོང་འགྲིག་ཚད་སྒོར་དུང་ཕྱུར་ཁྲི་1.3ཟིན་ཡོད། རྒྱལ་ཡོངས་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་བསྡོམས་འབོར་ཁྲི་13.6ལས་བརྒལ་བ་དང་ཞིབ་བཟོའི་ཐད་བཏང་བའི་བཟུང་ཚད་རྒྱལ་ཡོངས་ཀྱི་50%ལས་བརྒལ་ནས་ལས་ཞུགས་ལས་གནས་ཁྲི་2500ལྷག་ཙམ་མཁོ་འདོན་བྱས་ཡོད་པ་རེད། ཚན་རྩལ་གསར་གཏོད་ཀྱིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁྱོན་ཡོངས་ཞུགས་པ་དང་རང་འགུལ་སྣེ་ཁྲིད་ཐུབ་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད།