མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲའོ་ལེ་ཅི་ཡིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་དེ་ཉིད་ཏང་ལ་ལྷག་བསམ་ཟོལ་མེད་
དང་། འགན་འཁྲི་འཁུར་ཕོད་པ། འཇོན་ཐང་ཆེ་བ། སྤྱོད་གཙང་གཞུང་དྲང་བཅས་དང་བློ་རྩ་
བརྟན་པོས་འཐབ་འཛིང་བྱེད་པའི་མཉམ་སྡེབ་ཅིག་ཏུ་འཛུགས་སྐྱོང་བྱེད་དགོས་པའི་
ནན་བཤད་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་17ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     མི་དམངས་དྲ་བའི་འཕྲིན། ཏང་ཀྲུང་དབྱང་གིས་ཆོག་མཆན་གནང་བ་བརྒྱུད། ཀྲུང་དབྱང་སྒྲིག་ཨུད་ཀྱིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཨུ་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅི་ཡིས་བགྲོ་གླེང་འཛིན་གྲྭ་ཚོགས་པའི་མཛད་སྒོའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དེ་ཉིད་ཏང་ལ་ལྷག་བསམ་ཟོལ་མེད་དང་། འགན་འཁྲི་འཁུར་ཕོད་པ། འཇོན་ཐང་ཆེ་བ། སྤྱོད་གཙང་གཞུང་དྲང་བཅས་དང་བློ་རྩ་བརྟན་པོས་འཐབ་འཛིང་བྱེད་པའི་མཉམ་སྡེབ་ཅིག་ཏུ་འཛུགས་སྐྱོང་བྱེད་དགོས་པའི་ནན་བཤད་གནང་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དབྱང་ཞའོ་ཏུའུ་ཕེབས་པ་རེད།
     ཀྲའོ་ལེ་ཅི་ཡིས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཡག་པོ་སྒྲུབ་དགོས་ན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་དུས་རབས་གསར་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ཐོག་ནས་སླད་ཕྱིན་ལོ་ལྔའི་རིང་གི་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ལ་ཞིབ་འཇུག་བསམ་གཞིག་དང་སྐུལ་འདེད་གཏིང་ཟབ་གཏོང་བ་དང་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་གཞི་རྩའི་དམིགས་ཚད་དང་། ལས་འགན་གཙོ་བོ། ལས་ཀའི་བརྗོད་དོན་གཙོ་བོ་བཅས་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བར་གཞོགས་འདེགས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཏན་ཏིག་འཁུར་དགོས། 
     ཏང་གི་སྒྲིག་ཡིག་གིས་སྒྲིག་ཨུད་ལ་དཀྲིས་པའི་འགན་འཁྲིའི་ངེས་གནས་སྟངས་འཛིན་ཡང་དག་བྱེད་པ་དང་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་ཀྲུང་དབྱང་དང་ཏང་ཡོངས་ཁྲོད་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“ཡོད་པ་རེད་བདུན”གྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས་ཆབ་སྲིད་ཐད་ངོ་བོ་འགྱུར་པའི་མགོ་གཉིས་མ་དུས་ཐོག་ཏུ་དབྱེ་འབྱེད་དང་གཙང་སེལ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ་དང་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རིང་མང་ཚོགས་ལ་ཐོབ་ཚོར་དེ་བས་མང་བ་ཡོང་བ་བྱེད་དགོས། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང“རྣམ་པ་བཞི”གཏིང་ཟབ་སྤྱད་དེ་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་ཆབ་སྲིད་ཀྱི་ཕན་འབྲས་དང་། སྒྲིག་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཆེ་རུ་གཏོང་དགོས། བློ་བརྟན་འགྱུར་མེད་དང་གནད་སྨིན་ནུས་ལྡན་ངང་རུལ་སུངས་ལ་ཆད་པ་བཅད་དེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་གནས་བབ་ནས་རྣམ་གནོན་རང་བཞིན་གྱི་རྒྱལ་ཁར་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་འགྱུར་བ་བྱེད་དགོས། ཀྲུང་དབྱང་སྒྲིག་ཨུད་ཨུ་ཡོན་ནི་གོ་འགན་ཞིག་ཡིན་པ་ལས་གཟི་བརྗིད་མིན་པས་སྣེ་ཁྲིད་དེ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། སྣེ་ཁྲིད་དེ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ། སྣེ་ཁྲིད་དེ་འགན་འཁུར་བ། སྣེ་ཁྲིད་དེ་འཇོན་ཐང་ཆེ་རུ་གཏོང་བ། སྣེ་ཁྲིད་དེ་སྤྱོད་ཚུལ་ལ་ཞུན་བརྡར་སྤྲོས་པ་བཅས་བྱེད་པ་དང་རང་ཉིད་ལ་བླང་བྱ་ནན་པོ་འདོན་དགོས་པ་མ་ཟད། ཚན་ཁག་དང་དཔུང་ཁག་སྣེ་ཁྲིད་ཡག་པོ་བྱས་ཏེ་འགྱུར་མེད་ཀྱི་སྒྲིག་ཁྲིམས་ལ་བརྟེན་ནས་ཏང་ཐུགས་བློ་བདེ་བ་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་པའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས་ཞེས་བསྟན་གནང་བ་རེད།