མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོའི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་80ཡི་སྐས་རིམ་གསར་པར་སླེབས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་20ཉིན། 16:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
         སྒོར་དུང་ཕྱུར་827122ཟིན་པ་དེ་དུས་མཚུངས་ལས་6.9%འཕར་བ་དང་2011ལོ་ཚུན་འཕར་ཚད་མྱུར་དུ་ཕྱིན་པ།
         གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ།
        སྒོར་25974ཟིན་པ་དེ་དུས་མཚུངས་ལས་དངོས་སུ་7.3%འཕར་བ།
         དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར།
         སྒོར་དུང་ཕྱུར་27.79ཟིན་པ་དེ་དུས་མཚུངས་ལས་14.2%འཕར་བ་དང་ཕྱི་ཕྱོགས་ཉོ་ཚོང་གི་ནང་གནས་སྒུལ་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ།
        མཐའ་མའི་འཛད་སྤྱོད་གཏོང་སྒོས་GDPའཕར་ཚད་ལ་ལེགས་སྐྱེས་འབུལ་ཚད།
         58.8%ཟིན་པ་དེ་མ་རྩ་ཆགས་པའི་སྤྱི་འབོར་ལས་བརྒྱ་ཆའི་གྲངས་26.7མཐོ་བ་ཡོད་པ་དང་འཛད་སྤྱོད་དེ་དཔལ་འབྱོར་འཕར་བའི་རང་འགུལ་ནུས་པར་གྱུར་བ།
       སྒོར་དུང་ཕྱུར་ཁྲི་82.7
       ཟླ་1ཚེས་18ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱས་དོན། ཞིབ་རྩིས་རགས་ཙམ་བྱས་པར་གཞིགས་ན། ལོ་ཧྲིལ་པོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་(GDP)སྒོར་དུང་ཕྱུར་827122ཟིན་ནས་ཀྲུང་གོའི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་80ཡི་ལོ་རྒྱུས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་ཐེངས་དང་པོ་སླེབས་ཡོད།
       སྒོར་དུང་ཕྱུར་ཁྲི་8.4
         2017ལོར་ཀྲུང་གོའི་དཔལ་འབྱོར་གྱི་མིང་ཐོག་འཕར་ཚད་སྒོར་དུང་ཕྱུར་ཁྲི་8.4ཟིན་ཡོད། དེ་ཐོག་ནས་ལོ་གཅིག་རིང་ཀྲུང་གོའི་དཔལ་འབྱོར་གྱི་འཕར་ཚད་དེ་2016ལོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་14ཡི་དཔལ་འབྱོར་བསྡོམས་འབོར་དང་གཅིག་མཚུངས་ཡིན་པ་མངོན་ཡོད།
        “2017ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱེད་པ། གྲུབ་ཆ་ལེགས་སྒྲིག་དང་། སྒུལ་ཤུགས་བརྗེ་སྒྱུར། སྤུས་ཚད་མཐོར་གཏོང་བཅས་ལ་སྐུལ་འདེད་གཏོང་བ། རྒྱལ་དམངས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་སྔོན་དཔག་ལས་ལེགས་པ་ཡོང་བ་བྱེད་པ། དཔལ་འབྱོར་གྱི་གསོན་ཤུགས་དང་། སྒུལ་ཤུགས། གཏིང་ཤུགས་བཅས་རྒྱུན་ཆད་མེད་པར་འཕེལ་བ་བྱེད་པ། བརྟན་ལྷིང་རང་བཞིན་དང་། མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་མངོན་གསལ་དོད་པོ་གཏོང་བ་བཅས་བྱས་པས་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་ཡོད”ཅེས་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་ཉིང་ཅེ་ཀྲེས་བརྗོད་ཀྱི་འདུག
        འདི་ནི་“བརྟན་པོ”གཙོ་བོར་བྱེད་པའི་བརྟག་དཔྱད་རེའུ་མིག་ཅིག་རེད།
         བསྡུར་གཞི་ཡོད་པའི་རིན་གོང་གཞིར་བཟུང་རྩིས་བརྒྱབ་ཚེ་2017ལོར་རང་རྒྱལ་གྱི་GDPདུས་མཚུངས་ལས་6.9%འཕར་ནས་2011ལོ་ཚུན་དུ་འཕར་ཚད་མགྱོགས་སུ་ཐེངས་དང་པོ་ཕྱིན་ནས་ལོ་མང་རིང་དཔལ་འབྱོར་འཕར་ཚད་ཕྱོགས་རྐྱང་པ་འཕར་འགོར་དུ་འགྲོ་བའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་ཡོད། འཕར་རྒྱུ་བརྟན་པོ་རྒྱུན་འཁྱོངས་བྱུང་བ་དང་དུས་མཚུངས་རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི་1300ལྷག་ཙམ་ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་བརྟག་དཔྱད་བྱེད་ཚད་4.98%ལས་མེད་པ། CPI1.6%འཕར་བ། ལོ་མཇུག་ཏུ་ཕྱི་དངུལ་གསོག་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་31400ཟིན་པ་སོགས་ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་ཁུལ་དུ་གནས་པས་བརྟན་པའི་རྣམ་པ་དེ་བས་སྲ་བརྟན་དུ་ཕྱིན་ཡོད།
        འདི་ནི་བཀྲག་མདངས་འཚེར་ས་མང་བའི་གྲུབ་འབྲས་ཤོག་བྱང་ཞིག་རེད།
        སྒྱུར་བཅོས་ཁྲོད་གྲུབ་ཆ་ལེགས་སུ་འགྲོ་བཞིན་ཡོད། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས་2017ལོར་རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་སྣོན་རིན་ཐང་གིས་GDPཡི་བསྡུར་གྲངས་51.6%ཟིན་ནས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་58.8%ཟིན་ཏེ་ཞབས་ཞུའི་ལས་རིགས་དེ་དཔལ་འབྱོར་གྱི་སྐུལ་ཁྲིད་ནུས་པ་ཨང་དང་པོར་གྱུར་ཡོད། མཐའ་མའི་འཛད་སྤྱོད་འགྲོ་གྲོན་གྱིས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་58.8%ཟིན་ནས་མ་རྩ་གྲུབ་པའི་དངུལ་གྲངས་བསྡོམས་འབོར་ལས་བརྒྱ་ཆའི་གྲངས་26.7མཐོ་བ་ཡོད་པ་དང་ཀྲུང་གོའི་དཔལ་འབྱོར་གྱི་སྒུལ་བྱེད་འཕྲུལ་འཁོར་གཙོ་བོར་གྱུར་ཡོད།
         སྒྱུར་བཅོས་ཁྲོད་ཕན་འབྲས་ཆེ་རུ་ཕྱིན་ཡོད། 2017ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་21.9%འཕར་བ་དང་། གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་ཁེ་སྤོགས་30.4%འཕར་ནས་འཕར་ཚད་སྔོན་དཔག་ལས་ཡག་པ་ཡོད།
        སྒུལ་ནུས་གསར་པ་སྐྱེད་སྲིང་མགྱོགས་མྱུར་བྱུང་ཡོད། བཟོ་ལས་ཀྱི་འཕྲུལ་མི་ཐོན་ཚད་དུས་མཚུངས་ལས་68.1%འཕར་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ཚད་དུས་མཚུངས་ལས་51.1%འཕར་བ་སོགས་2017ལོར་རང་རྒྱལ་གྱི་ལག་རྩལ་མཐོ་བའི་ཐོན་ལས་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་སྣོན་རིན་ཐང་ན་ནིང་ལས་13.4%དང་11.3%ཁག་སོ་སོར་འཕར་བ་དང་། འཕར་ཚད་གཞི་ཁྱོན་ཡན་གྱི་བཟོ་ལས་ལས་བརྒྱ་ཆའི་གྲངས་6.8དང་4.7སོ་སོར་མགྱོགས་སུ་ཕྱིན་ཡོད། རྒྱལ་ཡོངས་སུ་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་ཁྲི་607.4ཟིན་ནས་ན་ནིང་ལས་9.9%འཕར་བ་དང་། ཉིན་རེར་ཆ་སྙོམས་ཁེ་ལས་ཐོ་འགོད་བྱེད་ཚད་ཁྲི་1.66ཟིན་ཡོད། མཁའ་འགྲུལ་མཁའ་སྐྱོད་དང་། མི་ཐབས་རིག་ནུས། གཏིང་རིང་རྒྱ་མཚོའི་འཚོལ་ཞིབ། སྐྱེ་དངོས་དང་སྨན་རྫས་སོགས་ཀྱི་ཁྱབ་ཁོངས་སུ་ཚན་རྩལ་གྲུབ་འབྲས་གལ་ཆེན་ཁག་གཅིག་ཐོབ་ནས་དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་སྟོབས་ཤུགས་གསར་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
          འདི་ནི་མཉམ་སྤྱོད་མཉམ་སྤྲོའི་ལག་རྟགས་ཆེན་པོ་ཞིག་རེད།
         དངུལ་ཁུག་དེ་བས་རྒྱགས་པ་ཆགས་ཡོད། 2017ལོར་རྒྱལ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་25974ཟིན་ནས་དུས་མཚུངས་ལས་7.3%དངོས་སུ་འཕར་བ་དང་། མི་རེའི་ཆ་སྙོམས་ཡོང་འབབ་འཕར་ཚད་མུ་མཐུད་མི་རེའི་ཆ་སྙོམས་GDPའཕར་ཚད་ལས་མཐོ་བ་ཡོད། ཨེན་ཀེར་བཏགས་གྲངས་2016ལོའི་30.1%ནས་2017ལོའི་29.3%བར་ཆག་ནས་གྲོང་མིའི་འཛད་སྤྱོད་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ཡོད།
         ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་ཡོད། ན་ནིང་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་338ཀྱི་PM2.5གར་ཚད་ཚང་མ་ཆག་པ་དང་། 2017ལོར་རྒྱལ་ཡོངས་ཀྱི་རྩིས་གཞིའི་GDPཡི་ཟད་གྲོན་3.7%ཆག་ནས་ལོ་འཁོར་གྱི་དམིགས་ཚད་ཚད་བརྒལ་ངང་ལེགས་གྲུབ་ཐུབ་ཡོད།
         འཛམ་གླིང་ལ་ལེགས་སྐྱེས་འབུལ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཀྲུང་གོ་བར་ཕན་པ་ཐོབ་ཡོད་ལ་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་ཀྱང་མཐོ་རུ་ཕྱིན་ཡོད། ཚོད་རྩིས་ལ་རགས་ཙམ་གཞིགས་ན། ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་30%ཙམ་ཟིན་ནས་སྔར་བཞིན་རྒྱལ་ཕམ་ལ་ཐུག་པའི་བརྟན་ལྷིང་ཡོ་ཆས་ཤིག་དང་གྲུ་ནང་གནོན་རྡོ་ཞིག་རེད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་(IMF)ཀྱི་སྤྱི་ཁྱབ་པ་གཞོན་པ་ཨང་དང་པོ་ཏ་ཝུའེ·ལི་ཕུའུ་ཏུན་གྱིས“ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་གི་ལྟེ་གནས་དང་། ཚོང་ཟོག་ཕྱིར་གཏོང་གི་ཡིད་དབང་འགུག་ཤུགས་ཧ་ཅང་ཆེན་པོ་ཞིག་དང་གོ་ལ་ཧྲིལ་པོའི་དགོས་མཁོའི་ཡོང་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད”ཅེས་བརྗོད།