མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་ཡུལ་སྐོར་དབུལ་སྐྱོར་བྱ་སྤྱོད་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ཇུས་
གཞི་》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་21ཉིན། 17:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་ཁབ་ཡུལ་སྐོར་ཅུས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་《ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་ཡུལ་སྐོར་དབུལ་སྐྱོར་བྱ་སྤྱོད་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ཇུས་གཞི་》པར་འགྲེམས་བྱས་ཏེ་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་དམིགས་ནས་ཡུལ་སྐོར་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
         ཇུས་གཞིའི་ནང་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་ཡུལ་སྐོར་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་པའི་དམིགས་ཚད་ལས་འགན་ནི་2020ལོར་སླེབས་སྐབས“ཁུལ་གསུམ་དང་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་ཡུལ་སྐོར་དབུལ་སྐྱོར་འཆར་འགོད་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་ཡུལ་སྐོར་དབུལ་སྐྱོར་དང་དབུལ་པོ་ཉུང་གཏོང་གི་བྱེད་ཐབས་དེ་བས་ནུས་ལྡན་དུ་གཏོང་བ། གྲོང་གསེབ་ཡུལ་སྐོར་གྱི་དབུལ་སྐྱོར་ཤེས་ལྡན་མི་སྣའི་གསོ་སྦྱོང་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། ཁྱད་ལྡན་ཡུལ་སྐོར་ཐོན་རྫས་ཀྱི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་གཏོང་བ། གྲོང་གསེབ་ཡུལ་སྐོར་གྱི་སྤུས་རྟགས་ཁྱབ་གདལ་ནུས་ལྡན་གཏོང་བ། ཡུལ་སྐོར་གྱི་ཕྱོགས་བསྡུས་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། ཡུལ་སྐོར་དབུལ་སྐྱོར་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། གྲོང་གསེབ་ཡུལ་སྐོར་གྱིས“ཁུལ་གསུམ་དང་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་པོའི་ས་ཁུལ་དུས་བཀག་ནང་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་དང་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་བཅས་བསྟན་ཡོད།
        ཇུས་གཞིའི་ནང་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་ཡུལ་སྐོར་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་པའི་གཞི་རྩའི་རྩ་དོན་ནི་ལེགས་ཆའི་སྟོབས་ཤུགས་གཅིག་སྡུད་ཀྱིས་འགག་སྒྲོལ་གྱི་འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་། ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་གྱིས་སྐུལ་ཁྲིད་ནུས་ལྡན་ཐུབ་པ་བྱེད་པ། གསར་སྤེལ་གཏིང་ཟབ་མཐའ་འཁྱོངས་ཀྱིས་གསར་གཏོད་ལ་ཚད་ཡོང་བ་བྱེད་པ། ཁེ་ཕན་ཁག་བགོས་ལ་སྣང་ཆེན་གྱིས་གནད་སྨིན་དབུལ་སྐྱོར་འགན་ལེན་བྱེད་པ་བཅས་རེད། ཡུལ་སྐོར་དབུལ་སྐྱོར་འཆར་འགོད་ཀྱི་འགག་སྒྲོལ་འདུ་འགོད་དང་། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་མཐོར་གཏོང་འདུ་འགོད། ཡུལ་སྐོར་དབུལ་སྐྱོར་གྱི་སྤུས་རྟགས་གསར་སྤེལ་འདུ་འགོད། ཡུལ་སྐོར་དབུལ་སྐྱོར་གྱི་དྲིལ་བསྒྲགས་ཁྱབ་གདལ་འདུ་འགོད། ཡུལ་སྐོར་དབུལ་སྐྱོར་གྱི་ཤེས་ལྡན་མི་སྣའི་གསོ་སྦྱོང་འདུ་འགོད། ཡུལ་སྐོར་དབུལ་སྐྱོར་གྱི་དཔེ་སྟོན་གསར་གཏོད་འདུ་འགོད་སོགས་ཞིབ་ཕྲའི་བྱེད་ཐབས་སྒྲིག་འཛུགས་དང་ལག་བསྟར་བྱས་པ་བརྒྱུད། ཡུལ་སྐོར་དབུལ་སྐྱོར་གྱི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་པ་བཏོན་ཡོད།
         ཇུས་གཞིའི་ནང་ས་གནས་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཡུལ་སྐོར་དབུལ་སྐྱོར་གྱི་ཤེས་ལྡན་མི་སྣའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ཡུལ་སྐོར་དབུལ་སྐྱོར་གྱི་ལྟ་སྐུལ་མཛུབ་ཁྲིད་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་ཡུལ་སྐོར་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཇུས་ཆེན་མཐའ་འཁྱོངས་བྱེད་པ། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། “ཁུལ་གསུམ་དང་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཡུལ་སྐོར་ཐོན་ལས་ཀྱི་སྐུལ་ཁྲིད་དང་སྐུལ་འདེད་ནུས་པ་ནུས་ལྡན་ངང་འདོན་སྤེལ་བྱེད་དགོས་ཞེས་བཤད།