མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྩ་ཁྲིམས་ཀྱི་འགན་ལེན་
ནུས་ལྡན་མཁོ་འདོན་བྱེད་དགོས། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་23ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         —— ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས་ལ་གྲོས་བསྡུར་ཚ་ཚ་འུར་འུར་ངང་བྱས་པ། 
         ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས། 
         “རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་དང་ཏང་ཀྲུང་དབྱང་གིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ལ་གཞིགས་ཏེ་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད”
        ཚེས་19ཉིན་ཁྱབ་བསྒྲགས་བྱས་པའི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྤྱི་བསྒྲགས་ལ་སྤྱི་ཚོགས་ལས་རིགས་ཁག་ཏུ་ཚད་མཐོའི་དོ་ཁུར་དང་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད་པ་རེད།
        “རང་རེའི་ཏང་གིས་རྒྱལ་སྲིད་སྐྱོང་བའི་ཁྲོད་ཀྱི་རྩ་ཁྲིམས་ཀྱི་གནས་བབ་དང་ནུས་པ་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད”
        ཉེ་དུས་ཡུན་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་པ་ཀུའོ་ཐིང་ཐིང་གིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་སློབ་སྦྱོང་ནན་ཏན་བྱེད་བཞིན་ཡོད། ཏང་ཀྲུང་དབྱང་གིས་ཚང་འཛོམས་གྲོས་ཚོགས་ཐོག་རྩ་ཁྲིམས་ལ་བཟོ་བཅོས་ཀྱི་གནད་དོན་ལ་ཆེད་མངགས་གྲོས་བསྡུར་གྱིས་《རྩ་ཁྲིམས་ཀྱི་ནང་དོན་ཁག་གཅིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བས“རྒྱལ་ཡོངས་ཀྱི་གྱོད་སྒྲུབ་དཔེ་དམག”གི་མཚན་སྙན་ཐོབ་མྱོང་བའི་ཁྲིམས་དཔོན་དེ་སེམས་འགུལ་ཚད་མེད་ཐེབས་ཏེ“དེ་ཐོག་ནས་ཏང་ཀྲུང་དབྱང་གིས་རྩ་ཁྲིམས་བཟོ་བཅོས་ཐད་ཚད་མཐོའི་མཐོང་ཆེན་བྱས་པ་གསལ་བཤད་གང་ལེགས་ཐུབ་ལ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་མ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། མི་དམངས་ཁྲིམས་དཔོན་ཞིག་ཡིན་པའི་ངོས་ནས་ང་ཚོས་འདྲི་ཞིབ་བྱས་པའི་གྱོད་གཞི་ཚང་མའི་ནང་བློ་གཅིག་སེམས་གཅིག་གིས་ཞུགས་པ་དང་དོ་བདག་ཚང་མར་བརྩེ་བ་ཟབ་མོས་ལྟ་སྟངས་གཅིག་པ་འཛིན་ཏེ་མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞིའི་ཁྲོད་དྲང་སྙོམས་དྲང་བདེན་ཚོར་ཐུབ་པ་བྱེད་དགོས”ཞེས་བཤད།
        “སྤྱི་བསྒྲགས་ནང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་ཁྲིམས་ལྟར་སྲིད་འཛིན་རྒྱུ་མཐའ་འཁྱོངས་བྱེད་པར་དང་ཐོག་རྩ་ཁྲིམས་ལྟར་སྲིད་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་རེའི་ཏང་གིས་རྒྱལ་སྲིད་སྐྱོང་བའི་ཁྲོད་ཀྱི་རྩ་ཁྲིམས་ཀྱི་གནས་བབ་དང་ནུས་པ་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་བྱེད་ལུགས་གསལ་པོ་མཚོན་གྱི་ཡོད”ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་མཱ་ཧོའེ་ཏེ་ཡིས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་ནི་རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས་རྩ་ཁྲིམས་བཟོ་བཅོས་བརྒྱུད་སྤྱི་ཚོགས་ཧྲིལ་པོས་རྩ་ཁྲིམས་ཀྱི་དབང་གྲགས་དང་། ལག་ལེན། ལྟ་སྐུལ་བཅས་ལ་དེ་བས་ཚད་མཐོའི་མཐོང་ཆེན་བྱས་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁྲོད་རྩ་ཁྲིམས་ཀྱི་དེ་བས་གལ་ཆེ་བའི་ནུས་པ་འདོན་སྤེལ་ཐུབ་པ་བྱེད་དགོས་པའི་ངོས་འཛིན་བྱས་ཡོད།
        “རྩ་ཁྲིམས་ནང་ཏང་དང་མི་དམངས་ཀྱིས་གསར་གཏོད་བྱས་པའི་རླབས་ཆེའི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་དུས་ཐོག་ཏུ་གཏན་འཁེལ་བྱས་ཡོད”
        རང་རྒྱལ་གྱི་རྩ་ཁྲིམས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་ལྷིང་རང་བཞིན། དབང་གྲགས་རང་བཞིན་བཅས་སྤྱིའི་ཆ་ནས་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་རྩ་ཁྲིམས་དུས་བསྟུན་འཕེལ་རྒྱས་དང་འཐུས་ཚང་དང་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་བཏང་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་ཆེད་རྩ་ཁྲིམས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས།
        ལེའོ་ཉིང་ཞིང་ཆེན་ཕུའུ་ཧྲུན་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་ཀྲའོ་ལེ་ཐའོ་ཡིས་ཚེས་19ཉིན་གྱི་དགོང་མོ་གསར་འགྱུར་ལྟ་ཞོར་དུ་སྤྱི་བསྒྲགས་ཀྱི་དགོངས་དོན་དང་ཟུང་འབྲེལ་གྱིས་ཟིན་བྲིས་ནན་ཏན་ངང་བརྒྱབ་པ་རེད། རྩ་ཁྲིམས་བཟོ་བཅོས་སྐོར་གླེང་སྐབས་ཁོང་གིས“བཅའ་ཁྲིམས་དུས་བསྟུན་འགྱུར་ལྡོག་བཏང་ན་སྤྱི་ཚོགས་བཅོས་སྐྱོང་ཡག་པོ་ཐུབ་པ་དང་། སྤྱི་ཚོགས་དོ་དམ་དེ་སྤྱི་ཚོགས་ཀྱི་དོན་དངོས་དང་མཐུན་ན་གཞི་ནས་ཕན་འབྲས་ཐོན་ཐུབ། མིག་སྔར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས་རྩ་ཁྲིམས་ཀྱི་ནུས་པ་འདོན་སྤེལ་དེ་བས་ལེགས་པ་བྱེད་པར་རྩ་ཁྲིམས་ལ་བཟོ་བཅོས་འོས་འཚམ་བྱས་ནས་ཏང་དང་མི་དམངས་ལ་ལག་ལེན་ཁྲོད་ཐོབ་པའི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་གསར་པ་རྩ་ཁྲིམས་ཀྱི་གཏན་འབེབས་ལ་འགྱུར་བ་བྱེད་དགོས་ངེས་རེད”ཅེས་བཤད།
         “དུས་རབས་གསར་པའི་རྒྱབ་ལྗོངས་འོག་བཟོ་བཅོས་བརྒྱབ་པའི་རྩ་ཁྲིམས་ཀྱང་སླད་ཕྱིན་ལས་རིགས་ཁག་དང་མི་དམངས་ཡོངས་ཀྱི་བྱ་སྤྱོད་ཀྱི་ཚད་གཞིར་འགྱུར་རྒྱུ་རེད”ཀོང་ཤིས་ནན་ཉིང་གྲོང་ཁྱེར་ཆིང་ཤིའུ་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཝང་ཡུན་ཧྭ་ཡིས“འཐབ་ས་དང་པོའི་བཅའ་ཁྲིམས་ལས་དོན་པ་ཞིག་ཡིན་པའི་ངོས་ནས་རྩ་ཁྲིམས་ལ་སྲུང་བརྩི་ཞུ་བ་དང་ཚད་གཞིར་བཟུང་ནས་ཏང་དང་མི་དམངས་ཀྱི་ཐུན་མོང་གི་འདུན་པ་སྲུང་སྐྱོང་དང་རྒྱལ་ཁབ་དང་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་སྲུང་སྐྱོང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་དགོས”ཞེས་བཤད།
        “རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་རྒྱུ་དེ་སྤྱི་ཡོངས་དང་འབྲེལ་བ་ཡོད་པས་ཤུགས་རྐྱེན་ཐེབས་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཀྱང་རེད”
        “ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུ་མཐའ་འཁྱོངས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བཅས་བྱེད་དགོས”ཞེས་སྤྱི་བསྒྲགས་ནང་ད་རེས་རྩ་ཁྲིམས་ལ་བཟོ་བཅོས་བརྒྱབ་པའི་ཐད་ངེས་པར་དུ་ལག་བསྟར་བྱེད་དགོས་པའི་རྩ་དོན་བཏོན་ཡོད་པ་རེད།
         ཚེས་19ཉིན་གྱི་ཕྱི་དྲོ། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་ཁྲིམས་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་མཱ་ཀྲེ་གོ་དང་སློབ་མ་ཚོས་གློག་ཀླད་མདུན་དུ་བསྡད་དེ་འཕྲལ་མར་སྤྱི་བསྒྲགས་ཀྱི་དགོངས་དོན་ཤེས་རྟོགས་བྱས་པ་རེད། མཱ་ཀྲེ་གོས“རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་ནི་རྒྱལ་ཁབ་དང་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་ཁྲིམས་སྐྱོང་ལམ་བུའི་འབྱུང་འགྱུར་གྱི་ཁ་ཕྱོགས་དང་འབྲེལ་བ་ཡོད་པས་ངེས་པར་དུ་ཏང་གི་འགོ་ཁྲིད་ཀྱི་རྩ་དོན་ཨང་དང་པོ་མཐའ་འཁྱོངས་བྱེད་དགོས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་རྩ་ཁྲིམས་བཟོ་བ་དང་། བཟོ་བཅོས་རྒྱག་པ། ལག་བསྟར་བྱེད་པ་བཅས་ཀྱི་བརྒྱུད་རིམ་ལ་ཁྱབ་པ་བྱས་ཚེ་གཞི་ནས་རྒྱལ་ཁབ་ཀྱི་ངོ་བོ་མི་འགྱུར་བ་དང་ཁྲིམས་སྐྱོང་ལམ་བུའི་ཁ་ཕྱོགས་མི་འགྱུར་བའི་འགན་ལེན་བྱེད་ཐུབ”ཅེས་བཤད།
        ཧུའུ་པེ་ཞིང་ཆེན་ཐུང་ཁྲེང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཞུང་ཡ་ཕིང་གིས“རྩ་ཁྲིམས་བཞིན་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་དང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་ནི་ཟུང་འབྲེལ་ནུས་ལྡན་ཞིག་རེད། ལྷག་པར་དུ་གཞི་རིམ་དུ་ལས་དོན་སྤེལ་སྐབས་རྩ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་རྩ་ཁྲིམས་དང་བཅའ་ཁྲིམས་བཞིན་འགན་དབང་སྤྱོད་པ་དང་ལས་དོན་སྤེལ་ནས་ཐབས་ཇུས་ཁག་ཁྲིམས་ལུགས་ཅན་དང་། དམངས་གཙོ་ཅན། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ལ་འགྱུར་བ་བྱས་ཏེ་ལས་དོན་ཁག་ལ་བཅའ་ཁྲིམས་དང་། ལག་ལེན། དུས་ཚོད་བཅས་ཀྱི་ཚོད་བགམ་ཐེག་ཐུབ་པ་བྱེད་དགོས”ཞེས་བཤད།
        “རྩ་ཁྲིམས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་དུས་བསྟུན་ཡར་བརྩོན་བྱུང་བས། གཞི་རིམ་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་ཕྱིན་ཡོད་ལ། ལས་རིགས་ཁག་གིས་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བར་རྩ་ཁྲིམས་ཀྱི་གཞི་འཛིན་ས་དེ་བས་ཀྱང་བྱུང་ཡོད”ཅེས་ཁྲན་ཁྲེང་ཆུས་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཏུང་ཧའོ་ཡིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་དེ་ལྟར་བཤད་པ་དང་ཁོང་གིས“ཁྲན་ཁྲེང་ཆུས་ཀྱིས་མུ་མཐུད‘གྲངས་འཛིན་སྲིད་གཞུང’འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུའི་ཐད་དེ་བས་གསོན་ཉམས་དོད་པའི་གཞི་རིམ་གྱི་ཉམས་མྱོང་འཚོལ་ཞིབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཞི་རིམ་དུ་དོན་འཁྱོལ་ཏན་ཏིག་དང་ཕན་འབྲས་ཡག་པོ་ཐོན་པ་བྱེད་དགོས”ཞེས་བཤད།