མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རིགས་གཅིག་མཁས་ཅན་དང་མཁས་དབང་དང་དེ་བཞིན་ཁེ་ལས་ཀྱི་ལས་རིགས་མི་སྣའི་
བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་25ཉིན། 11:31】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་22ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་རིགས་གཅིག་མཁས་ཅན་དང་མཁས་དབང་དང་དེ་བཞིན་ཁེ་ལས་ཀྱི་ལས་རིགས་མི་སྣས་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་(བསམ་འཆར་བསྡུ་ལེན་མ་ཡིག་)》ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་གསན་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་ཕེབས་ཡོད་པ་རེད།
         ཚོགས་འདུའི་ཐོག་ཚང་མས་ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་ཡར་བརྩོན་གྱི་དུས་བབ་རྒྱུན་འཁྱོངས་ཐུབ་རྒྱུའི་ཆ་རྐྱེན་དང་ནུས་པ་ལྡན་པ་མ་ཟད། ལས་རིགས་ཁག་གི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་ཐབས་ཀྱིས་ཞབས་ཞུའི་ལས་རིགས་དང་སྒུལ་ཤུགས་ནུས་རྒྱུ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ནས་ལས་ཞུགས་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ་པ་བྱུང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་ཧྲེ་ལིའུ་ཡན་ཧྭ་ཡིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་དམིགས་ནས་གསར་གཏོད་ཀྱི་ཞབས་ཞུའི་ལས་སྟེགས་བསྐྲུན་པ་དང་གསར་གཏོད་ཀྱི་ཁོར་ཡུག་བཟང་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་པ་དང་། པེ་ཅིང་སློབ་ཆེན་གྱི་ཀྲོའུ་ཆི་རེན་གྱིས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གྱི་སྤྱི་ཁོག་སྲིད་ཇུས་ལེགས་སྒྲིག་བྱས་པའི་རྐྱེན་གྱིས་ཐོན་པའི་ཕྱིའི་ཤུགས་རྐྱེན་ལ་དམིགས་ནས་རང་རྒྱལ་གྱི་སྒྱུར་བཅོས་ལ་ཤུགས་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན་པ། པེ་ཅིང་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ཀྲེན་ཀྲེན་གྱིས་སྤྱི་ཚོགས་བཅོས་སྐྱོང་ཐད་སྲིད་གཞུང་གི་དབང་ཆའི་དབྱེ་མཚམས་གསལ་པོ་ཕྱེ་ནས་མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་བཅས་མངོན་པ་བྱས་ཏེ་ཞིབ་ཕྲ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བཏོན་པ། མུའོ་ཀེན་ཧྲེ་ཏན་ལིའི་ཀུང་སིའི་ཞིང་ཙེ་ཆང་གིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་ཆུང་ངུའི་འཕེལ་རྒྱས་ཀྱི་མི་མངོན་པའི་གཏིང་ཤུགས་མངོན་པ་བྱས་ནས་འཛད་སྤྱོད་རིམ་སྤོར་ལ་སྣེ་ཁྲིད་བྱེད་དགོས་ཞེས་བཏོན་པ། རླངས་འཁོར་ཚོགས་པ་དང་པོའི་ཞུས་ལིའུ་ཕིང་གིས་ལས་རིགས་ཁྲོད་ཀྱི་གཞུང་ཁོངས་ཁེ་ལས་མཉམ་འདྲེས་ཀྱི་དབང་བའི་ལམ་ལུགས་སྒྱུར་བཅོས་མགྱོགས་སུ་གཏོང་བ་དང་དེང་རབས་ཁེ་ལས་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཁྲོམ་རའི་ཆོས་ཉིད་གཞིར་བཟུང་གཉེར་སྐྱོང་ཐུབ་རྒྱུའི་གྲོས་འགོ་བཏོན་པ། ཧོ་མཱ་ཤན་ཧྲེང་ཀུང་སིའི་ཧའུ་དབྱིས་དྲ་སྦྲེལ་ལ་བརྟེན་ནས་དངོས་ཚན་དཔལ་འབྱོར་གཉེར་རྒྱུར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་སིལ་ཚོང་འགྱུར་ལྡོག་ལ་སྣེ་ཁྲིད་བྱེད་དགོས་ཞེས་གསུངས་པ། ཝེ་ཆའོ་ཚོགས་པའི་ཀྲང་ཧྲེ་ཕིང་གིས་སྲིད་གཞུང་གིས་སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་བརྟན་པོ་ཡོང་བ་དང་ལེ་ལག་བྱེད་ཐབས་སྟབས་བསྟུན་ཡོང་བ་བྱས་ཏེ་དམངས་ཁྲོད་མ་འཇོག་གི་ཧུར་བརྩོན་རང་བཞིན་སྲུང་སྐྱོབ་ཡོང་བའི་རེ་བ་བཏོན་པ་རེད།
         ལི་ཁེ་ཆང་གིས་ཚང་མ་དང་སྤེལ་རེས་ཟབ་མོ་གནང་རྗེས། འབྲེལ་ཡོད་སྡེ་ཚན་གྱིས་བཏོན་པའི་གྲོས་འགོར་ཞིབ་འཇུག་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཞིང་། ཁོང་གིས་ན་ནིང་ཀྲུང་གོའི་དཔལ་འབྱོར་བརྟན་ཐོག་ལེགས་བརྩོན་དང་སྔོན་དཔག་ལས་ཡག་པ་བྱུང་བ་དེ་དཔལ་འབྱོར་བསྡོམས་འབོར་ཤུགས་ཆེན་འཕར་བའི་ཐད་ནས་མངོན་པ་མ་ཟད། དཔལ་འབྱོར་གྲུབ་ཆ་བཟང་སྒྲིག་དང་སྤུས་ཚད་དང་ཕན་འབྲས་ལེགས་སུ་ཕྱིན་པ་ནས་ཀྱང་མངོན་ཡོད། འོན་ཀྱང་མིག་སྔར་དཀའ་ངལ་དང་འགྲན་སློང་སྔར་བཞིན་མང་བ་དང་ཉེན་ཁ་དང་སེམས་ཁྲལ་མཉམ་དུ་གནས་པ་མཐོང་བ་བྱས་ཏེ་ང་ཚོས་བདེ་སྡོད་ཉེན་བསམ་དང་དར་འཕེལ་ཁྲོད་སེམས་ཁྲལ་མི་བརྗེད་པ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་བརྟན་ཐོག་ཡར་བརྩོན་མཐའ་འཁྱོངས་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་གཏོང་། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་གྱི་གོ་སྐབས་དང་། གོམ་སྟབས། ནུས་ཤུགས་བཅས་སྟངས་འཛིན་ཡག་པོ། སྒྱུར་བཅོས་སྒོ་འབྱེད་གསར་གཏོད་ལ་མང་ཙམ་བརྟེན་ནས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་སྒུལ་ཤུགས་ནུས་རྒྱུ་གསར་པ་མགྱོགས་མྱུར་འཚར་ལོངས་ཡོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྣམ་པ་གསར་པ་གཏོད་པ་དང་གོམ་སྟབས་གསར་པ་ཧུར་ཐག་སྤོ་དགོས་ཞེས་གསུངས་པ་རེད།